ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག   ལག་བསྟར་དོན་འཁྱོལ་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་སྒྲོག་འགྲེལ་གཏིང་ཟབ་བྱས།
2019.12.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

ཉེ་ལམ།  ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག   ལག་བསྟར་དོན་འཁྱོལ་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི།  ཞིང་ཆེན་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚའེ་ཝེ་དང་།  ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་མཱ་ཝེ་ཧྲིན།   ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་ཡོན་ཀྲང་སུན་ཧྥ་ཕིང་།     ཞིང་ཆེན་གསར་འགོད་པའི་མཐུན་ཚོགས་ཀྱི་ཆེད་བསྐོས་ཀྲུའུ་ཞི་གཞོན་པ་ཀའོ་ཡུན་ཕུའུ་བཅས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་།   གཅན་ཚ་རྫོང་དང་དེའི་ཁོངས་གཏོགས་ཀྱི་སྣང་ར་ཞང་དང་མར་ཁུ་ཐང་གྲོང་རྡལ་དགའ་ལྡན་གླིང་གཞིས་ཁུལ།   ཞིང་ཆེན་ཏང་ཨུའི་འཕྲིན་བཅར་བྱ་བའི་གཞུང་སྒྲུབ་ཁང་།    ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས།    ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ།  ཞིང་ཆེན་ཆུ་བེད་ཆུ་གློག་ཚད་ཡོད་འགན་ལེན་ཀུང་ཟི།   ཞིང་ཆེན་ནུས་ཁུངས་འཕེལ་རྒྱས་ཚད་ཡོད་འགན་ལེན་ཀུང་ཟི།  དེ་མིན་ཁུལ་དང་རྫོང་།  ཞང་དང་གྲོང་རྡལ།   གཞིས་ཁུལ་ཁ་ཤས།    ཞིང་ཆེན་ཐད་གཏོགས་ལས་ཁུངས།   ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས་བཅས་སུ་སོང་ནས་སྒྲོག་འགྲེལ་གཏིང་ཟབ་བྱས་པ་དང་ཏང་ཡོན་ལས་བྱེད་པ་སྟོང་དྲུག་ལྷག་གིས་སྙན་ཞུ་ལ་ཉན།

སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།    རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་དགེ་མཚན།   ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རང་རྟོན་ཇེ་བརྟན་དུ་གཏོང་བ།    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་རྒྱུས་ལོན་ཡང་དག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ།   ངཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་སྤྱིའི་དམིགས་འབེན།   ལས་འགན་གཙོ་བོ།   ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་ཚང་འཛོམས་གྲོས་ཚོགས་སྟེང་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་སོ་སོ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པར་འགན་སྲུང་བྱེད་པ་བཅས་ཕྱོགས་བཞིའི་ལ་དམིགས་ནས་འཛམ་གླིང་གི་གནས་ཚུལ་དང་ཏང་གི་གནས་ཚུལ།   རྒྱལ་ཁབ་ཀྱི་གནས་ཚུལ།   མཚོ་སྔོན་གྱི་གནས་ཚུལ་བཅས་དང་ཟུང་འབྲེལ་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འགྲེལ་ཀློག་བྱས་པ་དང་།    སྒྲོག་འགྲེལ་གྱི་ནང་དོན་ཕུན་སུམ་ཚོགས་ལ། གཞི་གྲངས་ཞིབ་ཅིང་བདེན་པ་ཡིན་པས་རིག་གཞུང་རང་བཞིན་དང་བསམ་སློ་རང་བཞིན།   ལག་ལེན་རང་བཞིན་བཅས་དྲག་པོ་ལྡན།    སྒྲོག་འགྲེལ་མཇུག་སྒྲིལ་རྫེས།  སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ད་རུང་ཚང་མ་དང་མཉམ་དུ་ཕན་ཚུན་བརྗེ་རེས་བྱས་པ་དང་།  གོ་རིམ་རྗེས་མར་ཚང་འཛོམས་གྲོས་ཚོགས་དགོངས་དོན་ལ་ཇི་ལྟར་སློབ་སྦྱོང་བྱེད་པའི་ཐད་ནས་གྲོས་བསྡུས་བྱས།

ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཀྱི་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཝེ་ཆིན་ཡེ་ཡིས་བཤད་རྒྱུར།  ཏང་གི་ལས་དོན་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས།   ཐེངས་འདིའི་སྒྲོག་འགྲེལ་གོ་སྐབས་སུ་བྱས་ཏེ་བྱེད་ཐབས་སྣ་མང་སྤྱད་ནས་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཟབ་ནན་གྱིས་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱེད་རྒྱུ་ཡིན་པ་དང་།   ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་གི་འཛུགས་སྐྲུན་གྱི་འགྱུར་བ་མེད་པའི་བརྗོད་གཞི་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཡོན་ལས་བྱེད་པའི་མི་ཚེ་གང་བོའི་བསླབ་ཚན་དུ་བྱེད་པ།   བློ་དཀར་བ་དང་འགན་ཁུར་ཡོད་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ།  ཕོ་མོ་འདྲ་མཉམ་ལ་སྐུལ་སྤེལ་བྱེད་པ་དང་བུད་མེད་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བའི་ལམ་ལུགས་ནང་རྐྱེན་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་ཁྲོད་དུ་ཧུར་ཐག་གིས་བྱས་རྫེས་འཇོག་རྒྱུ་ཡིན་ཟེར།

དགའ་ལྡན་གླིང་སྡོད་ཁུལ་གྱི་ཀྲུའུ་རིན་རྡོ་རྗེ་རིན་ཆིན་གྱིས་བཤད་རྒྱུར།   ཐེངས་འདིའི་སྒྲོག་འགྲེལ་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་ངོས་ཟིན་གསར་པ་ཡོད་པར་བྱས་པ་དང་།   ང་ཚོས་བྱ་བ་སྤེལ་བར་རོགས་སྐྱོར་ཆེན་པོ་ཡོད་པ་ཡིན།   གཅན་ཚ་རྫོང་གི་འགྱུར་ལྡོག་ཆེན་པོ་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་རང་བཞིན་ཚོར་ཐུབ་པ་ཡིན།   ད་ལྟ་སྤེལ་བཞིན་པའི་བོད་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་ནག་འཇོམས་ངན་སེལ་འཐབ་རྩོད་སོགས་ཡོད་ཚད་ལམ་ལུགས་དང་འགན་སྲུང་།   བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་འཛུགས་སྐྲུན་དང་ཁ་འབྲལ་ཐངས་མེད།   ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག    ལག་བསྟར་དོན་འཁྱོལ་བྱེད་ངེས་ཡིན་པ་དང་།    བྱ་སྤྱོད་དངོས་ལ་བརྟེན་ནས་སྡོད་དམངས་ལ་ཞབས་འདེགས་བཟང་བོ་ཞུ་བ་དང་ལམ་ལུགས་ལྟར་བྱ་བ་བསྒྲུབ་ནས་མང་ཚོགས་ལ་སྔར་ལས་བཟང་བོའི་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་རྒྱུ་ཡིན་ཟེར།