མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་གསར་བ་གཉིས་ཀྱིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཆེད་དོན་ཟུར་ཁྲིད་སྙན་ཞུ་གྲོས་ཚོགས་བསྡུས།
2019.12.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་མཚོ་སྔོན་ཞིང་ཆེན་རྩ་འཛུགས་གསར་བ་གཉིས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་ནས་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་གསར་བ་གཉིས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཆེད་དོན་ཟུར་ཁྲིད་སྙན་ཞུ་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲང་ཆི་ཚེ་གདན་ཞུ་བྱས་ཏེ་བློ་གཏན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རང་རྟོན་དང་འབྲེལ་དེ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་བྱེད་ཅེས་པ་ཁ་བྱང་དུ་བྱས་ཏེ་ཆེད་དོན་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་གསར་བ་གཉིས་ཀྱི་ཏང་ཡོན་དང་ཏང་ཞུགས་ཧུར་བརྩོན་ཅན།   ལས་བཟོ་བའི་འཐུས་ཚབ་པ་སོགས་མི་བརྒྱད་བརྒྱ་ཙམ་ཚོགས་འདུར་ཞུགས།

སྙན་ཞུ་ཚོགས་འདུའི་སྟེང་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་གཞི་རྩའི་གནས་ཚུལ་དང་དོན་དག་གལ་ཆེན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུང་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་གཏོང་བའི་གལ་ཆེན་རང་བཞིན། བློ་གཏན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རང་རྟོན་ཇེ་བརྟན་དུ་གཏོང་བ་སོགས་དང་འབྲེལ་དེ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཅུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་གོ་བ་གཏིང་ཟབ་དང་ཁྱོན་ཡོངས་ནས་འགྲེལ་བཤད་གསལ་བོ་བྱས།  སྙན་ཞུ་གྲོགས་ཚོགས་ཀྱིས་བརྗོད་དོན་དང་དམ་དུ་འབྲེལ་ཞིང་ནང་དོན་ཕུན་སུམ་ཚོགས་པ་དང་གཞི་གྲངས་ཁ་གསལ་བས་རྩ་འཛུགས་གསར་བ་གཉིས་ཀྱི་ཏང་ཡོན་ལ་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་གསལ་བོ་ལེན་པ་དང་སྒྲོག་འགྲེལ་སློབ་སྦྱོང་དམ་དུ་འཛིན་པ།ཏང་འཛུགས་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་རྩ་འཛུགས་གསར་བའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གཏོང་བའི་ཐད་ནུས་པ་བཏོན།