རྟ་བོ་གྲོང་རྡལ་གྱིས་དམངས་གཙོ་འཚོ་བའི་ཚོགས་འདུ་དེ་བརྗོད་དོན་སློབ་གསོའི་བླང་བྱ་ཉམས་ལེན་བྱེད་ཐེངས་ཤིག་ཏུ་བརྩིས།
2019.12.24 ཁུངས། ཀློག་གྲངས། 61

 ཉེ་ལམ། མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོར་གྲོང་རྡལ་གྱིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་བའི་བརྗོད་དོན་སློབ་གསོའི་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས།
        རྨ་ཆེན་རྫོང་ཏང་ཨུའི་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་བའི་བརྗོད་དོན་སློབ་གསོའི་ཐོག་མའི་སྣེ་ཁྲིད་ཚོགས་པའི་ཚོགས་གཙོ། རྫོང་ཏང་ཨུའི་རྒྱུན་ཨུ་དང་། རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་རྣམ་རྒྱལ་རྟ་བོར་གྲོང་རྡལ་ཏང་ཨུས་བསྡུས་པའི་དམངས་གཙོ་འཚོ་བའི་ཚོགས་འདུར་ཞུགས་ནས་སྣེ་སྟོན་བྱས་ལ་རྟ་བོ་གྲོང་རྡལ་གྱི་སྡེ་བ་དང་སྡོད་ཁུལ་གྱི་མི་སྣ་བཅས་ཚོགས་འདུར་ཞུགས། 

 ཚོགས་འདུའི་སྔོན་ལ། རྟ་བོར་གྲོང་རྡལ་ཏང་སྲིད་མགོ་ཁྲིད་མི་སྣས་སྣེ་ཁྲིད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངསའི་བརྗོད་དོན་སློབ་གསོ་ཐད་ཀྱི་གསུང་བཤད་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་དང་ཧི་ནན་སོགས་ས་ཆར་ཕེབས་ནས་འཛུབ་སྟོན་སྣེ་ཁྲིད་བྱས་པའི《ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ པའི་བརྗོད་དོན་སློབ་གསོ་སྐབས་ཀྱི་དགོངས་དོན་གལ་ཆེན་དང་གསུང་བཤད་གལ་ཆེན། གནས་བབས་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི  ཀྲུང་གོ་གོང་ཁྲན་ཏང་གི་ཏང་གཙང་རང་གཅུན་གྱི་ཚད་གཞི    ཀྲུང་གོ་གོང་ཁྲན་ཏང་གི་འགན་འཁྲི་རྩད་གཅོད་སྲོལ་ཡིག    སོགས་ཀྱི་ནང་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱས།

 ཚོགས་ཐོག་ཏུ། རྟ་བོར་གྲོང་རྡལ་ཏང་སྲིད་མགོ་ཁྲིད་ཀྱིས་2019ལོའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཁྲོད་བཏོན་པའི་གནད་དོན་བཅོས་བསྒྱུར་བྱས་པའི་གནས་ཚུལ་དང་2019ལོའི་མགོ་ཁྲིད་མི་སྣའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་སྔོན་གྱི་གྲ་སྒྲིག་བཅས་སྤྱི་བསྒྲགས་བྱས་རྗེས། མགོ་ཁྲིད་མི་སྣ་དག་གིས“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས”པའི་བརྗོད་བྱ་དང་འབྲེལ་ནས་ལོ་གཅིག་རིང་གི་ཆབ་སྲིད་བསམ་བློ་དང་སྤྱོད་ཚུལ། ནུས་པ། སྲིད་གཙང་གནས་ཚུལ་སོགས་དངབསྡུར་བ་བཞི ” དང གནད་དོན་དྲུག སོགས་དང་འབྲེལ་ནས་རེ་རེ་བཞིན་རང་སྟེང་གི་གནད་དོན་འཚོལ་བ་དང་གནད་དོན་འབྱུང་རྐྱེན་ལ་དབྱེ་ཞིབ་བྱས་ཏེ། ཁྱོན་ཡོངས་ནས་གནད་དོན་ལ་བརྟག་དཔྱད། གནད་དོན་གྱི་རྩ་བ་སྔོག་འདོན་བྱས་ནས་བསྒྱུར་བཅོས་ཀྱི་བྱེད་ཐབས་གསལ་བོ་བཏོན། དེ་དང་ཆབས་ཅིག་ཚང་མའི་ འགན་འཁྲི་ལ་འགན་འཁུར་བ་དང་། བྱ་བར་འགན་འཁུར་བ། མི་རང་ཉིད་ལ་འགན་འཁུརབའི་རྣམ་འགྱུར་གྱིས་རང་སྐྱོན་རང་བརྗོད་དང་ཕན་ཚུན་སྐྱོན་བརྗོད་བྱས་ཏེ། རང་སྐྱོན་དབྱེ་ཞིབ་བྱེད་པར་གཟབ་ནན་ཡིན་པར་མི་སྐྲག་པ་དང་བསམ་འཆར་ལ་ཉན་ན་གནོད་པར་མི་སྐྲག་པ། གནད་དོན་བཏོན་ཚེ་ངོ་ཚ་བར་མི་སྐྲག་པ། བསམ་བློར་ཐུག་ཚེ་ན་བར་མི་སྐྲག་པའི་དམིགས་ཡུལ་དོན་འཁྱོལ་བྱས།
       རྟ་བོར་གྲོང་རྡལ་གྱི་ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུར་བསམ་བློ་བརྗེ་རེས་ཡོད་པ་དང་མི་མཐུན་ས་ཡོད་པ། ངོས་ཟིན་གཅིག་མཐུན་ཡོད་པ། ལྷན་གཅིག་སྐུལ་འདེད་ཡོད་པ་བཅས་ཀྱི་ཐོག་ནས་བསམ་བློ་གཅིག་གྱུར་དང་མཉམ་དུ་མཐོར་འདེགས། མཐུན་སྒྲིལ་ལ་ཤུགས་སྣོན་བཅས་ཀྱི་ཐོག་མའི་དམིགས་འབེན་འགྲུབ།