2019ལོར། མཚོ་སྔོན་ཞིང་ཆེན་གྱི་དཀའ་ཁག་ཅན་གྱི་མང་ཚོགས་ཀྱི་དཀའ་གནད་དང་སེམས་ཁུར་བྱེད་པའི་བྱ་བ་ཐག་གཅོད་རྒྱུ་དེ་བྱ་བའི་དམིགས་འབེན་དུ་བརྩིས་ཏེ། དམངས་ཚིས་བདེ་སྐྱིད་རྒྱུན་མ་ཆད་པར་མཐོར་འདེགས་བཏང་བ་དང་། ལོ་ཧྲིལ་བོར་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཉིས་དང་བྱེ་བ་ལྔ་ས་ཡ་བརྒྱད་བཏང་ནས་དཀའ་ཁག་ཅན་གྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་བྱ་བའི་ཐད་བཀོལ་སྤྱོད་བྱས།
དབུལ་ཐར་མཁྲེགས་གཏོར་གྱི་མཐིལ་རྟོགས་འགན་སྲུང་བྱེད་ཤུགས་ཐད་ནས། ན་ནིང་མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་མི་གྲངས་འབུམ་གསུམ་དང་སྟོང་གསུམ་མ་མཐའི་འཚོ་བའི་འགན་སྲུང་དང་ཡང་ན་ཧ་ཅང་དབུལ་ཕོངས་ཡིན་པའི་མི་སྣའི་རོགས་སྐྱོར་ཁྲོད་བཞགཔ་དང་། བརྟན་བརླིང་ངང་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་མི་གྲངས་ཀྱི་སེམས་ཁྲལ་བྱེད་མི་དགོས་པ་གཉིས་ཀྱི་དམིགས་འབེན་མངོན་འགྱུར་བྱས། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་གི་རོགས་སྐྱོར་ཆུ་ཚད་སྔར་ལས་མཐོར་འདེགས་བཏང་བ་དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་དང་དབུལ་སྐྱོར་གསར་སྤེལ་གཉིས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་པ། དབུལ་ཐར་མཁྲེགས་གཏོར་དུས་སྐབས་ནང་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཁྲོད་བཞག་པའི་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་ས་གནས་དེའི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ལས་བརྒལ་རྗེས། ཡོང་སྒོ་ལ་དཔྱད་ཞིབ་བྱས་རྗེས་རིམ་པ་བཞིན་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་ཁྱབ་ཁོངས་ཁྲོད་བཞག་པ་དང་། ཉུང་མཐར་ཡང་ལོ་གཅིག་གི་ཕྱུར་འབུད་དུས་ཚོད་བྱིན་ནས། གཏན་འཇགས་ངང་དབུལ་ཐར་བྱས་རྗེས་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱབ་ཁོངས་ལས་བུད། 2019ལོར་ཞིང་ཆེན་ཡོངས་སུ་དབུལ་ཐར་མཁྲེགས་གཏོར་ཁྲོད་ཞུགས་པའི་སྤྱི་ཚོགས་རྩ་འཛུགས་བརྒྱ་དང་སུམ་ཅུ་སླེབས་པ་དང་། མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་དགུ་བཏང་ལ། དབུལ་ཕོངས་མི་གྲངས་འབུམ་གཅིག་དང་ཁྲི་གཉིས་ལ་ཕན་བཏགས།
དཀའ་ཁག་མང་ཚོགས་ཀྱིས་དྲོད་ཁོལ་ལྡན་པའི་དུས་ཆེན་ཞིག་ལ་རོལ་བར་འགན་སྲུང་བྱེད་ཆེད། 2020ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་སུ་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་དཀའ་ཁག་མང་ཚོགས་འབུམ་གསུམ་དང་ཁྲི་བརྒྱད་ལ་འཚོ་བའི་ཁ་གསབ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་སྟེར་ཐེངས་གཅིག་བྱས། གཞི་རྩའི་སྤྱི་ཚོགས་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བའི་ཐད་ནས། ན་ནིང་ཀྲུང་དབྱང་གི་མ་དངུལ་བྱེ་བ་བཞི་དང་ས་ཡ་དྲུག་འབུམ་ལྔ་བཏང་ནས་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་གཉོར་སྐྱོང་ཞབས་ཞུའི་སྒྲིག་ཆས་བསྒྱུར་བཀོད་མཐོར་འདེགས་བཟོ་སྐྲུན་ཐད་བཀོལ་བ་དང་། གཙོ་བོར་ཞིང་ཆེན་ཡོངས་ཀྱི་ཧ་ཅང་དབུལ་ཕོངས་ཡིན་པའི་རྫོང་དང་ཞང་གི་ཧ་ཅང་དབུལ་ཕོངས་ཡིན་པའི་གཉོར་སྐྱོང་ཞབས་ཞུའི་སྒྲིག་ཆས་ཀྱི་གཞི་ཁྱོན་མལ་ཁྲི་ཉི་ཤུ་མན་དང་། སྒྲིག་ཆས་རྙིང་བ་དང་རིན་ཐང་མཐོར་འདེགས་ཀྱི་ནུས་པ་མེད་པའི་སྒྲིག་ཆས་མེད་པར་བཟོས་པ་མ་ཟད་ཐོན་ཁུངས་མཉམ་བསྲེས་བྱས། དེ་དང་མཉམ་དུ། ཐབས་མང་མཉམ་སྤྱོད་ཀྱིས་ཧ་ཅང་དབུལ་ཕོངས་ཡིན་པའི་གཉོར་སྐྱོང་ཞབས་ཞུ་སྡེ་ཁག་གི་ལས་དོན་ཁྲིམས་མིའི་ཐོ་འགོད་ཚད་ཇེ་མཐོར་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཞབས་ཞུ་ལས་ཁུངས་ཀྱི་ལས་དོན་ཁྲིམས་མིའི་ཐོ་འགོད་ཚད་བརྒྱ་ཆའི་སོ་གཅིག་ཏུ་སླེབས།
ད་ལོར། ཞིང་ཆེན་དམངས་སྲིད་ཐིན་གྱིས་མུ་མཐུད་དུ་དམངས་ཕན་སྲིད་ཇུས་སྣ་ཚོགས་ལག་བསྟར་ནན་མོ་བྱས་པ་དང་། དབུལ་ཐར་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ལ། དཀའ་ཁག་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱས་ཏེ། དཀའ་ཁག་མང་ཚོགས་ཀྱི་ཐོབ་ཚོར་དང་ཡིད་ཚིམ་ཐད་མཐོར་འདེགས་གཏོང་རྒྱུ་རེད།