མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས2020ལོའི་ཚོགས་ཆེན་གཉིས་དང་ལུགས་རྙིང་ལོ་སར་སྐབས་ཀྱི་བདེ་འཇགས་ཚོད་འགོག་བྱ་བར་བཀོད་སྒྲིག་བྱས།
2020.01.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 80

བདེ་འཇགས་ཀྱི་ཉེན་ཁར་ཚོད་འགོག་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་འཕྲལ་བསྟུན་གྲ་སྒྲིག་བཟང་བོར་བྱེད་ཆེད། ཞིང་ཆེན་འཕྲལ་བསྟུན་དོ་དམ་་ཐིན་གྱིས་ཆེད་དོན་གྲོས་ཚོགས་བསྡུས་པ་དང་།  2020ལོའི་ཚོགས་ཆེན་གཉིས་དང་ལུགས་རྙིང་ལོ་སར་སྐབས་ཀྱི་བདེ་འཇགས་ཚོད་འགོག་བྱ་བ་བཟང་བོར་བསྒྲུབ་པའི་བརྡ་སྦྱོར་པར་སྐྲུན་འགྲེམ་སྤེལ་བྱས་ནས། ཚོགས་ཆེན་གཉིས་དང་ལུགས་རྙིང་ལོ་སར་སྐབས་ཀྱི་བདེ་འཇགས་ཚོད་འགོག་བྱ་བ་བཟང་བོར་བསྒྲུབས།

བདེ་འཇགས་ཚོད་འགོག་བྱ་བ་བཟང་བོར་བསྒྲུབ་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ནི། མིག་སྔའི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པ་དང་། ད་ལོའི་འཕྲལ་བསྟུན་དོ་དམ་བྱ་བའི་ཐད་ཀྱི་བྱ་བ་གལ་ཆེན་ཡང་ཡིན། བརྡ་སྦྱོར་ནང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཚེ་སྲོག་གཙོར་འཛིན་པ་དང་བདེ་འཇགས་གོ་གནས་དང་པོར་འཇོག་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། བཀོད་སྒྲིག་ཞིབ་མོ་བྱེད་པ། བྱ་བའི་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ། ཚོད་འགོག་བྱེད་ཐབས་སྣ་ཚོགས་དམ་འཛིན་བྱེད་པ། ཏན་ཏན་ཏིག་ཏིག་གིས་ཉེན་ཁ་ཚོད་འགོག་དང་ཉེན་ཁར་ཞིབ་བཤེར་བྱེད་པ། འཕྲལ་བསྟུན་གྲ་སྒྲིག་དང་འཕྲལ་བསྟུན་ཐག་གཅོད་སོགས་ཀྱི་བྱ་བ་ལག་བསྟར་ནན་མོ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་གཅིག་བསྡུས་བཅོས་སྐྱོང་བྱ་བ་བརྟན་བརླིང་ངང་སྤེལ་དགོས། མིག་སྔའི་ཐོན་སྐྱེད་བདག་གཉེར་བྱ་འགུལ་དང་ནམ་ཟླའི་ཁྱད་ཆོས་ལ་ཁ་གཏད་དེ། དོན་རྐྱེན་འབྱུང་སླ་བ་དང་བྱུང་ཚད་མང་བའི་ལས་རིགས་ཁྱབ་ཁོངས་འབུར་དུ་ཐོན་པར་བྱེད་པ། བདེ་འཇགས་ཐོན་སྐྱེད་ཐད་རང་བཤེར་དང་ཆེད་དོན་ལྟ་ཞིབ། ཆེད་དོན་བཅོས་སྐྱོང་སོགས་ཀྱི་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། ཉེན་ཁ་ཆེན་པོར་ཞིབ་བཤེར་བྱེད་པ་དང་ཉེན་ཁ་ཆེན་པོ་མེད་པར་བཟོ་བ། དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་པའི་སྟེང་གྲུབ་འབྲས་ལེན་ཐུབ་པར་བྱེད་དགོས། རིམ་པ་སོ་སོའི་འཕྲལ་བསྟུན་དོ་དམ་སྡེ་ཁག་དང་མེ་གསོད་མྱུར་སྐྱོབ་དཔུང་སྡེ། རིགས་མི་འདྲ་བའི་སྤྱི་ཚོགས་མྱུར་སྐྱོབ་སྟོབས་ཤུགས་འཕྲལ་བསྟུན་གྲ་སྒྲིག་བཟང་བོ་བྱས་ཏེ། དོན་རྐྱེན་བྱུང་བ་དང་ཉེན་ཁ་ཡོད་དུས་མྱུར་དུ་ཐག་གཅོད་དང་ཁ་གཏད་འཇལ་ཐུབ་པར་ཁག་ཐེག་བྱེད་དགོས། དེ་དང་མཉམ་དུ། གླེང་ཕྱོགས་ཀྱི་ཁྲིད་ཕྱོགས་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། བྱ་བར་ཁ་གཏད་འཇལ་བར་ཤུགས་བསྣན་ནས། སྤྱི་ཚོགས་གཏན་འཇགས་བྱ་བར་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན།