ཟི་ལིང་གྲོང་ཁྱེར་ཧི་ནན་སོག་བོད་སྨན་ཁང་གིས་སྨན་སྦྱིན་གཏོང་རྒྱུ་རེད།
2020.01.15 ཁུངས། ཀློག་གྲངས། 7770

ཟི་ལིང་གྲོང་ཁྱེར་ཧི་ནན་སོག་བོད་སྨན་ཁང་གིས་ད་ལོའི་དགུན་དཔྱིད་དུས་ཚིགས་སུ་ཆམ་རིམས་བྱུང་ཚབས་ཆེ་བ་དང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་པར་དམིགས་ནས། སྤྱི་ཟླ1པའི་ཚེས15ནས་ཚེས23བར་དང་། ཟླ2པའི་ཚེས8ནས་ཚེས28བར་ཟི་ལིང་སོག་བོད་སྒོ་བསྟེན་སྨན་ཁང་གི་སྨན་བཟོ་ལྟེ་གནས་ནས་སྡེབ་པའི་བྱིན་ལྡན་ལོ་གྱོན་མའི་སྨན་སྦྱིན་གཏོང་རྒྱུ་ཡིན་ལ། སོག་བོད་སྨན་པ་འབུམ་རམས་པ་ལོ་པོའུ་ལགས་ཀྱིས་སྒོ་བསྟེན་ཁང་འདི་གར་ནད་བརྟག་སྨན་བཅོས་བྱེད་རྒྱུ་ཡིན་པས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་མང་ཚོགས་རྣམས་དུས་ལྟར་ཕེབས་པར་དགའ་བསུ་ཞུ།

སོག་བོད་སྒོ་བསྟེན་སྨན་ཁང་གི་ས་གནས།  ཟི་ལིང་གྲོང་ཁྱེར་མཁར་ཤར་ཅན་གོ་སྲང་ལམ་གྱི་སྒོ་རྟགས་ཨང5པ། ཟི་ལིང་མེ་འཁོར་འབབ་ཚིགས་ཀྱི་ཁ་གཏད། དབྱར་རྩྭ་དགུན་འབུ་ཚོང་རའི་ཕྱི་རོལ་ཐོག་ཁང་དང་པོའི་ཉིས་ཐོག་ཡིན།

འབྲེག་གཏུག་ཁ་པར།  18194700555