རྩེ་ཁོག་རྫོང་ན་ཆུང་བྱིས་པའི་བྱ་འགུལ་ལྟེ་གནས་ཀྱིས་སྐབས་དང་པོའི་འགྲོ་གསེབ་ཀྱི་འཚར་ལོངས་ཞེས་པའི་སློབ་ཆུང་སློབ་མའི་ལྟ་སྐོར་བྱ་འགུལ་སྤེལ།
2020.01.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 193

གོམ་གང་མདུན་སྤོས་སྒོས་རྩེ་ཁོག་རྫོང་གི་སློབ་ཆུང་སློབ་མའི་ཚན་རིག་ཤེས་བྱའི་ཆུ་ཚད་ཇེ་མཐོ་དང་།ཏང་དང་རྒྱལ་ཁབ།  མི་དམངས་སོགས་ལ་དགའ་བའི་སློབ་མ་ཚད་ལྡན་ཅན་ཞིག་ཏུ་འགྱུར་བར་སྐུལ་འདེད་གཏོང་ཆེད།   ཟླ1པའི་ཚེས12ནས་ཚེས 16ཉིན་བར།  རྩེ་ཁོག་རྫོང་ན་ཆུང་བྱིས་པའི་བྱ་འགུལ་ལྟེ་གནས་ཀྱིས་རྫོང་ཡོངས་ཀྱི་དགེ་སློབ55རྩ་འཛུགས་བྱས་ཏེ་སྐབས་དང་པོའི་གྲོང་གསེབ་ཀྱི་འཚར་ལོངས་ཞེས་པའི་ལྟ་སྐོར་བྱ་འགུལ་སྤེལ། དུས་ཡུན་ཉིན་3རིང་གི་དུས་ཚོད་བེད་སྤྱད་ནས་མཚོ་སྔོན་གྱི་རྡུལ་ཕྲན་ལས་པའི་ས་ཚིགས་དང་། མཚོ་སྔོན་ཚན་རྩལ་གླིང་། མཛེས་རྩལ་གླིང་། མཚོ་སྔོན་ཞིང་ཆེན་བོད་རིག་གནས་འགྲེམ་སྟོན་གླིང་སོགས་ལ་ལྟ་སྐོར་བྱས།   ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད།རྩེ་ཁོག་རྫོང་གི་སློབ་ཆུང་སློབ་མའི་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་བཏང་བར་མ་ཟད།   སློབ་མའི་ཁྱིམ་བདག་དག་གིས་ཀྱང་དགའ་བསུ་ཆེན་པོ་ཐོབ།

སློབ་མ་ཚོས་ཡུལ་དངོས་ན་ལྟ་སྐོར་བྱེད་བཞིན་པ།

ཡུལ་དངོས་ཀྱི་ཟུར་ཞིག

གསར་འགོད་པ།  དོན་གྲུབ་རྒྱལ།