ཚེས30ཉིན་བར་རྒྱལ་ཡོངས་སུ་གསར་དུ་ངོས་བཟུང་བའི་ནད་པའི་ཁ་གྲངས1982ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས43ལ་སླེབས། 
2020.01.31 ཁུངས། ཀློག་གྲངས། 69

ཟླ1པོའི་ཚེས30ཉིན་གྱི་དུས་ཚོད0-24བར་དུ། ཞིང་ཆེན31(རང་སྐྱོང་ཁུལ་དང་ཐད་གཏོགས་གྲོང་ཁྱེར)དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གིས་གསར་དུ་ངོས་འཟུང་བའི་ནད་པ1982གཉིས་ལ་སླེབས་པ་དང་། དེའི་ནང་ནད་པ་ལྕི་མོའི་རིགས་གསར་དུ་འཕར་གྲངས157 དང་། གསར་དུ་རྐྱེན་ལམ་དུ་ཤོར་བ 43 །  དེའི་ཁྲོད་ཧུའུ་པེ་ཞིང་ཆེན་གྱི་ནད་པ 42 དང་། ཧེ་ལུང་ཅང་གི་ནད་པ1ལ་སླེབས། གསར་དུ་ནད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་པའི་ནད་པ 47 ལ་སླེབས། དོགས་ཡོད་ནད་པ་གསར་དུ་འཕར་གྲངས 4812 རེད།
        ཟླ1པོའི་ཚེས30ཉིན་གྱི་དུས་ཚོད24བར་དུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ལ་ཞིང་ཆེན་དང་རང་སྐྱོང་ཁུལ་དང་ཐད་གཏོགས་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་དམག་དཔུང་བཅས་ཞིང་ལྗོངས 31 ནས་བསྡོམས་རྩིས་བྱས་ཏེ་ངོས་བཟུང་བའི་ནད་པ 9692 ཀྱི་སྙན་ཞུ་འབྱོར་ཡོད། དེའི་ཁྲོད་སི་ཁྲོན་ཞིང་ཆེན་གྱིས་དེ་སྔ་ངོས་བཟུང་བའི་ནད་པ1བསྐྱར་ཞིབ་ལས་ཕྱིར་འཐེན་པས། ད་ལྟ་ནད་པ་ལྕི་མོ1527ཡོད། བསྡོམས་པས་རྐྱེན་ལམ་དུ་ཤོར་པའི་ནད་པ 213 དང་།ནད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་པའི་ནད་པ 171 ཡོད། དོགས་ཡོད་ནད་པ་བསྡོམས་པས 15238 ཡོད། 

མིག་སྔར་ནད་པ་དང་འབྲེལ་འདྲིས་ཟབ་པའི་མི་བསྡོམས་པས 113579 ལ་རྗེས་འདེད་རྟོག་ཞིབ་བྱས་ཤིང་། པེ་ཅིན་གྲོང་ཁྱེར་དུ་ནད་པ 21 བསྐྱར་ཞིབ་ལས་ཕྱིར་འཐེན། ཉིན་དེར་མི 4201 ལ་གསོ་རིག་བརྟག་དཔྱད་བྱས་ཚར་ཞིང་། བསྡོམས་པས་མི15238 ཀྱིས་གསོ་རིག་རྟོག་དཔྱོད་དང་ལེན་བྱེད་ཀྱིན་མཆིས།
        བསྡོམས་པས་ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་སུ་ཐག་བཅད་ནད་པ 28 ཡོད་ཅིང་། དེའི་ནང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ 12 དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ 7 ཡོད། ཐེ་ཝན་ས་ཁུལ་དུ་ནད་པ 9 ཡོད།