ཟླ1ཚེས30དུས་ཚོད18བར་དུ། རང་ཞིང་ལ་བསྡོམས་པས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་བྱུང་བའི་ནད་པ8ཡོད་པ་ངོས་བཟུང་།
2020.01.31 ཁུངས། ཀློག་གྲངས། 153

ཟླ1ཚེས30ཉིན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཐག་གཅོད་གསོ་བཅོས་ཇུས་གཞིའི་གཏན་འབེབ་གཞིར་བཟུང་ནས། དོགས་ཡོད་ནད་པ་གུག་ཆེ་གེ་མོ་དང་ཀྲིན་ཆེ་གེ་མོ་གཉིས་ཀྱི་ནད་གཞིའི་དཔེ་དབྱིབས་དེ་ཞིང་ཆེན་ནད་རིགས་སྔོན་འགོག་ལྟེ་གནས་ཀྱི་ཚོད་ལྟ་ཁང་ནས་བསྐྱར་ཞིབ་བརྟག་དཔྱད་བྱས་པ་བརྒྱུད་ནས། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་ཡོད་པ་གསར་རྟོགས་བྱུང་ལ། ནད་པའི་ནད་ཐོག་སྨན་བཅོས་ཀྱི་རྣམ་འགྱུར་དང་། དར་ཁྱབ་ཆེ་བའི་ནད་རིག་ལོ་རྒྱུས་ཟུང་འབྲེལ་བྱས་ནས། ཞིང་ཆེན་རིམ་པའི་སྨན་བཅོས་ཆེད་མཁས་ཚོགས་པས་ཞིབ་འཇུག་བརྡར་གཅོད་བྱས་པ་བརྒྱུད་དེ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་ཡོད་པ་ཐག་གཅོད་བྱས།

ཟླ1ཚེས 30 དུས་ཚོད18བར་དུ། རང་ཞིང་ལ་བསྡོམས་པས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་བྱུང་བའི་ནད་པ 8 ཡོད་པ་ཐག་གཅོད་བྱས་ཤིང་། ཚང་མ་ཆ་སྙོམས་ཀྱིས་ཝུའུ་ཧན་ནས་ཡོང་པའི་ཏོག་དབྱིབས་ནད་ཏིག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་རྐྱང་རྐྱང་ཡིན་པ་ཐག་གཅོད་བྱས་ཡོད། མིག་སྔར་ནད་པ 1 ནད་རྟགས་ལྕི་བ་མ་གཏོགས། ནད་པ་གཞན་བདུན་གྱི་ནད་ཀྱི་གནས་ཚུལ་བརྟན་འཇགས་ཡིན་ལ། ནད་པ་དང་འབྲེལ་འདྲིས་ཟབ་པའི་མི་སྣ་ལ་རྗེས་འདེད་རྟོག་ཞིབ་དང་གསོ་རིག་བརྟག་དཔྱད་བྱས།