ཚེས་སོ་གཅིག་ཉིན་རྒྱལ་ཡོངས་སུ་གསར་དུ་ངོས་བཟུང་བའི་ནད་པའི་ཁ་གྲངས2102ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ46ལ་སླེབས། 
2020.02.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 60

ཟླ་དངགཔོའི་ཚེས31ཉིན་གྱི་དུས་ཚོད་ཐིག་ནས་དུས་ཚོད24བར་དུ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གིས་གསར་དུ་ངོས་འཟུང་བའི་ནད་པ་སྟོང་གཉིས་དང་བརྒྱ་ར་གཉིས་ལ་སླེབས་པ་དང་། དེའི་ནང་ནད་པ་ལྕི་མོའི་རིགས་ཉིས་བརྒྱ་དང་རེ་བརྒྱད་གསར་དུ་འཕར་བ་དང་། གསར་དུ་རྐྱེན་ལམ་དུ་ཤོར་མཁན་ཞེ་དྲུག་ལ་སླེབས་པའི་ཁྲོད་ཧུའུ་པེ་ཞིང་ཆེན་གྱི་ནད་པ 45 དང་། ཁྲུང་ཆིན་གྲོང་ཁྱེར་གྱི་ནད་པ1ཡད། གསར་དུ་ནད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་པའི་ནད་པ 72 ལ་སླེབས། དོགས་ཡོད་ནད་པ་སྟོང་ལྔ་དང་བཅུ་དགུ་གསར་དུ་འཕར།
        ཟླ་དང་པོའི་ཚེས31ཉིན་གྱི་དུས་ཚོད24བར་དུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ལ་ཞིང་ཆེན་དང་རང་སྐྱོང་ཁུལ་དང་ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ནས་བསྡོམས་རྩིས་བྱས་ཏེ་ནད་པ་ཁྲི་གཅིག་དང་སྟོང་གཅིག་བདུན་བརྒྱ་གོ་གཅིག་ངོས་བཟུང་བའི་སྙན་ཞུ་འབྱོར་ཡོད། ད་ལྟ་ནད་པ་ལྕི་མོ་སྟོང་གཅིག་དང་བདུན་བརྒྱ་གོ་ལྔ་ཡོད། བསྡོམས་པས་ནད་པ་ཉིས་བརྒྱ་དང་ང་དགུ་རྐྱེན་ལམ་དུ་ཤོར། ནད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་པའི་ནད་པ་ཉིས་བརྒྱ་དང་ཞེ་གསུམ་ཡོད། དོགས་ཡོད་ནད་པ་བསྡོམས་པས་ཁྲི་གཅིག་དང་སྟོང་བདུན་དགུ་བརྒྱ་གྱ་བརྒྱད་ཡོད།

མིག་སྔར་ནད་པ་དང་འབྲེལ་འདྲིས་ཟབ་མོ་བྱས་པའི་མི་བསྡོམས་པས་འབུམ་གཅིག་དང་ཁྲི་གསུམ་སྟོང་དྲུག་དགུ་བརྒྱ་གྱ་བདུན་ལ་རྗེས་འདེད་རྟོག་ཞིབ་བྱེད་བཞིན་ཡོད་ལ། ཉིན་དེར་མི་སྟོང་དྲུག་དང་ལྔ་བརྒྱ་ར་དགུ་ལ་གསོ་རིག་བརྟག་དཔྱད་བྱེད་མཚམས་བཞག བསྡོམས་པས་མི་འབུམ་གཅིག་དང་ཁྲི་གཅིག་སྟོང་བརྒྱད་བཞི་བརྒྱ་དོན་བརྒྱད་ཀྱིས་གསོ་རིག་བརྟག་དཔྱད་དང་ལེན་བྱེད་ཀྱིན་མཆིས།         ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་སུ་བསྡོམས་པས་ནད་པ 30ངོས་བཟུང་ཡོད་ཅིང་། དེའི་ནང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ 13 དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ 7 ཐེ་ཝན་ས་ཁུལ་དུ་ནད་པ 10བཅས་ཡོད།