ཟླ2པའི་ཚེས1ཉིན་གྱི་དུས་ཚོད24བར་དུ། མཚོ་སྔོན་ལ་བསྡོམས་པས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་དགུ་ཡོད་པ་ངོས་འཛིན་བྱས།
2020.02.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 80

2020ལོའི་ཟླ2ཚེས1ཉིན་གྱི་ཆུ་ཚོད0ནས24བར་མཚོ་སྔོན་ཞིང་ཆེན་དུ་ཏོག་དབྱིབས་ནད་དུག་གསར་པའི་ནད་ངོས་བཟུང་བའི་ནད་པ་གསར་དུ་འཕེལ་མེད་པ་དང་། ནད་གཞི་ལྕི་མོའི་རིགས་གཅིག་ཀྱང་གསར་དུ་འཕར་མེད་ལ། རིམས་ནད་ལས་ཤི་བའི་མི་གཅིག་ཀྱང་མེད་པ་དང་། སྨན་ཁང་ནས་དྲག་སྐྱེད་བྱུང་སྟེ་ཕྱིར་བུད་པའི་ནད་པ་ཡང་གཅིག་ཀྱང་མེད། ནད་རྟགས་ཡོད་པའི་ནད་པ2གསར་དུ་འཕར་ཡོད། 

ཟླ2ཚེས1ཉིན་གྱི་ཆུ་ཚོད24བར་དུ། མཚོ་སྔོན་ཞིང་ཆེན་དུ་གྱིས་རིམ་རྩིས་བྱས་ན་ཏོག་དབྱིབས་ནད་དུག་གསར་པ་འགོས་ནས་གློ་ཚད་ཕོག་པའི་ནད་པ་9དང་། ནད་གཞི་ཚབས་ཆེན་གྱི་ནད་པ1  ཤི་བའི་ནད་པ0། སྨན་ཁང་ནས་ཕྱིར་བུད་པའི་ནད་པ་0བཅས་སྙན་ཞུ་བྱས་པ་དེའི་ནང་། ཟི་ལིང་གྲོང་ཁྱེར་དུ་ནད་པ་ 9ཡོད་པ་དང་། གྲོང་ཁྱེར་དང་ཁུལ་གཞན་དག་ཏུ་རིམས་ནད་ཡོད་པའི་ནད་པ་སྙན་ཞུ་བྱས་མེད། 

མིག་སྔར་ནད་པ་དང་འབྲེལ་འདྲིས་དམ་ཟབ་ཡོད་པའི་མི141ལ་རྗེས་འདེད་བྱས་ཏེ་རྩད་ཆོད་ཡོད་པ་དང་། མི3ལ་གསོ་རིག་ལྟ་ཞིབ་ཀྱི་རིམ་པ་མེད་པར་བཟོས་ཤིང་། ད་དུང་མི138ཀྱིས་གསོ་རིག་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད།