ཟླ2པའི་ཚེས2ཉིན་གྱི་དུས་ཚོད་ཐིག་ནས་དུས་ཚོད24བར་དུ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གིས་གསར་དུ་ངོས་བཟུང་བའི་ནད་པ 2829 ལ་སླེབས།
2020.02.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 61

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཚེས3ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ2པའི་ཚེས2ཉིན་གྱི་དུས་ཚོད་ཐིག་ནས་དུས་ཚོད24བར་དུ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གིས་གསར་དུ་ངོས་བཟུང་བའི་ནད་པ 2829ལ་སླེབས་པ་དང་། དེའི་ནང་ནད་པ་ལྕི་མོའི་རིགས186 གསར་དུ་འཕར་བ་དང་། གསར་དུ་རྐྱེན་ལམ་དུ་ཤོར་མཁན་57ལ་སླེབས་པའི་ནང་གི་56ཧུའུ་པེ་ཞིང་ཆེན་གྱི་ཡིན་པ་དང་1ཁྲུང་ཆིན་གྲོང་ཁྱེར་གྱི་རེད། གསར་དུ་ནད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་པའི་ནད་པ 147 ལ་སླེབས། དོགས་ཡོད་ནད་པ5173 གསར་དུ་འཕར།
        ཟླ2པའི་ཚེས2ཉིན་གྱི་དུས་ཚོད24བར་དུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ལ་ཞིང་ཆེན་དང་རང་སྐྱོང་ལྗོངས།  ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ནས་བསྡོམས་རྩིས་བྱས་ཏེ་ནད་པ17205 ངོས་བཟུང་བའི་སྙན་ཞུ་འབྱོར་ཡོད། ད་ལྟ་ནད་པ་ལྕི་མོ2296ཡོད། བསྡོམས་པས་ནད་པ361རྐྱེན་ལམ་དུ་ཤོར་བ་དང་། ནད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་པའི་ནད་པ475ཡོད། དོགས་ཡོད་ནད་པ་བསྡོམས་པས21558 ཡོད།

མིག་སྔར་ནད་པ་དང་འབྲེལ་འདྲིས་ཟབ་མོ་བྱས་པའི་མི་བསྡོམས་པས་189583ལ་རྗེས་འདེད་རྟོག་ཞིབ་བྱེད་བཞིན་ཡོད་ལ། ཉིན་དེར་མི་10055ལ་གསོ་རིག་བརྟག་དཔྱད་བྱེད་མཚམས་བཞག་པ་དང་བསྡོམས་པས་མི་152700གིས་གསོ་རིག་བརྟག་དཔྱད་དང་ལེན་བྱེད་ཀྱིན་ཡོད།

ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་སུ་བསྡོམས་པས་ནད་པ 33ངོས་བཟུང་ཡོད་ཅིང་། དེའི་ནང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ 15 དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ 8ཐེ་ཝན་ས་ཁུལ་དུ་ནད་པ 10བཅས་ཡོད།