ཟླ2པའི་ཚེས3ཉིན་གྱི་དུས་ཚོད24བར་དུ། མཚོ་སྔོན་དུ་བསྡོམས་པས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ15ཡོད་པ་ངོས་འཛིན་བྱས།
2020.02.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 163

2020ལོའི་ཟླ2ཚེས3ཉིན་གྱི་ཆུ་ཚོད0ནས24བར་མཚོ་སྔོན་ཞིང་ཆེན་དུ་ཏོག་དབྱིབས་ནད་དུག་གསར་པའི་རིམས་ནད་ངོས་བཟུང་བའི་ནད་པ2གསར་དུ་འཕེལ་བ་དང་། ནད་གཞི་ལྕི་མོའི་རིགས་གཅིག་ཀྱང་གསར་དུ་འཕར་མེད་ལ། རིམས་ནད་ལས་ཤི་བའི་མི་གཅིག་ཀྱང་མེད་པ་དང་། སྨན་ཁང་ནས་དྲག་སྐྱེད་བྱུང་སྟེ་ཕྱིར་བུད་པའི་ནད་པ་ཡང་གཅིག་ཀྱང་མེད། དེའི་ཁྲོད་དུ་མཚོ་བྱང་ཁུལ་དུ་རིམས་ནད་ཡོད་པའི་ནད་པ་གཉིས་གསར་དུ་ངོས་འཛིན་བྱས། མཚོ་བྱང་ཕུད་པའི་ཁུལ་དང་གྲོང་ཁྱེར་གཞན་དུ་རིམས་ནད་ཡོད་པའི་གནས་ཚུལ་མེད།

ཟླ2ཚེས3ཉིན་གྱི་ཆུ་ཚོད24བར་དུ། མཚོ་སྔོན་ཞིང་ཆེན་དུ་རིམ་རྩིས་བྱས་ན་ཏོག་དབྱིབས་ནད་དུག་གསར་པའི་རིམས་ནད་ཕོག་པའི་ནད་པ་15དང་། ནད་གཞི་ཚབས་ཆེན་གྱི་ནད་པ1། ཤི་བའི་ནད་པ0། སྨན་ཁང་ནས་ཕྱིར་བུད་པའི་ནད་པ་0བཅས་སྙན་ཞུ་བྱས་པའི་ཁྲོད། ཟི་ལིང་གྲོང་ཁྱེར་དུ་ནད་པ12ཡོད་པ་དང་། མཚོ་བྱང་ཁུལ་ཏུ་ནད་པ་3 ཡོད། མིག་སྔར་ནད་པ་དང་འབྲེལ་འདྲིས་དམ་ཟབ་ཡོད་པའི་མི284ལ་རྗེས་འདེད་བྱས་ཏེ་རྩད་ཆོད་ཡོད་པ་དང་། མི3ལ་གསོ་རིག་ལྟ་ཞིབ་ཀྱི་རིམ་པ་མེད་པར་བཟོས་ཤིང་། ད་དུང་མི281ཀྱིས་གསོ་རིག་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད།