ཟླ2པའི་ཚེས4ཉིན་གྱི་མཚོ་སྔོན་ཞིང་ཆེན་གྱི་གསར་བྱུང་ཏོག་དབྱིབས་ནད་དུག་གི་གློ་ཚད་རིམས་བྱུང་གནས་ཚུལ།
2020.02.05 ཁུངས། ཀློག་གྲངས། 71

2020ལོའི་ཟླ2པའི་ཚེས4ཉིན་གྱི་ཆུ་ཚོད0ནས24བར།  མཚོ་སྔོན་ཞིང་ཆེན་གྱིས་ཏོག་དབྱིབས་ནད་དུག་གི་གློ་ཚད་རིམས་ནད་འགོས་པ་གཏན་འཁེལ་བྱས་པའི་ནད་པ2སྙན་ཞུ་ཞུས།  ནད་གཞི་ཚབས་ཆེན་ཕོག་པའི་གསར་བྱུང་ནད་པ0ཡིན་ལ། འདས་གྲོངས་སུ་གྱུར་བའི་གསར་བྱུང་ནད་པ་0དང་།  སངས་དྲག་ཏུ་གྱུར་བའི་གསར་བྱུང་ནད་པ0བཅས་ཡོད།  དེའི་ཁྲོད།  ཟི་ལིང་གྲོང་ཁྱེར་ལ་གཏན་འཁེལ་བྱས་པའི་གསར་བྱུང་ནད་པ2ཡོད་ཅིང་།  ཁུལ་དང་གྲོང་ཁྱེར་གཞན་དག་ལ་གསར་བྱུང་ནད་པ་མེད།

ཟླ2པའི་ཚེས4ཉིན་གྱི་ཆུ་ཚོད24ཡར་སྔོན་ལ། མཚོ་སྔོན་ཞིང་ཆེན་ལ་བསྡོམས་པས་ཏོག་དབྱིབས་ནད་དུག་གི་གློ་ཚད་རིམས་ནད་འགོས་པའི་གཏན་འཁེལ་ནད་པ17ཡོད་ཅིང་།  དེའི་ཁྲོད་དུ།  ནད་གཞི་ཚབས་ཆེན་ཕོག་པའི་ནད་པ་1དང་།  འདས་གྲོངས་སུ་གྱུར་བའི་ནད་པ0  སངས་དྲག་ཏུ་གྱུར་བའི་ནད་པ0བཅས་ཡོད།  གཏན་འཁེལ་བྱས་ཟིན་པའི་ཏོག་དབྱིབས་ནད་དུག་གི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁྲོད།  ཟི་ལིང་གྲོང་ཁྱེར་ལ་ནད་པ14དང་།  མཚོ་བྱང་ཁུལ་ལ་ནད་པ3ཡོད།

མིག་སྔར་འབྲེལ་འདྲིས་དམ་ཟབ་བྱེད་མཁན331ལ་རྗེས་འདེད་བརྟག་དཔྱད་བྱེད་བཞིན་ཡོད་ཅིང་།   སྨན་བཅོས་ལྟ་ཞིབ་བྱས་པ་བརྒྱུད་མི7ལ་ནད་འགོས་མེད་པར་གཏན་འཁེལ་བྱས་པ་དང་།  མི324ལ་སྨན་བཅོས་ལྟ་ཞིབ་བྱེད་སྒང་ཡིན།

གསར་འགོད་པ་ལྕགས་ཐར་ཚེ་རིང་གིས་ཁྲང་ཡུན་དྲ་བ་ལས་བསྒྱུར།