​ཟླ2པའི་ཚེས5ཉིན་གྱི་དུས་ཚོད24བར་དུ། མཚོ་སྔོན་ལ་བསྡོམས་པས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ18ཡོད་པ་ངོས་འཛིན་བྱས།
2020.02.06 ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ། ཀློག་གྲངས། 60

2020ལོའི་ཟླ2པའི་ཚེས5ཉིན་གྱི་ཆུ་ཚོད0ནས24བར་མཚོ་སྔོན་ཞིང་ཆེན་དུ་ཏོག་དབྱིབས་ནད་དུག་གསར་པའི་ནད་ངོས་བཟུང་བའི་ནད་པ1གསར་དུ་འཕར་བ་དང་། ནད་པ་ལྕི་མོའི་རིགས་གཅིག་ཀྱང་གསར་དུ་འཕར་མེད་ལ། རིམས་ནད་ལས་ཤི་བའི་མི་གཅིག་ཀྱང་མེད་པ་དང་། སྨན་ཁང་ནས་དྲག་སྐྱེད་བྱུང་སྟེ་ཕྱིར་བུད་པའི་ནད་པ3ཡོད། གསར་དུ་འཕར་བའི་ནད་པ1ནི་ཟི་ལིང་གྲོང་ཁྱེར་གྱི་ཡིན་པ་དང་ཁུལ་གཞན་པར་གསར་འཕར་ནད་པ་མེད། 

ཟླ2ཚེས5ཉིན་གྱི་ཆུ་ཚོད24བར་དུ། མཚོ་སྔོན་ཞིང་ཆེན་དུ་རིམ་རྩིས་བྱས་ན་ཏོག་དབྱིབས་ནད་དུག་གསར་པ་ལས་འགོས་ནས་གློ་ཚད་ཕོག་པའི་ནད་པ18ངོས་བཟུང་བ་དང་། ནད་གཞི་ཚབས་ཆེན་གྱི་ནད་པ1 །  ཤི་བའི་ནད་པ0། སྨན་ཁང་ནས་བུད་པའི་ནད་པ3བཅས་ཡོད་ལ། དེའི་ནང་ཟི་ལིང་གྲོང་ཁྱེར་དུ་ནད་པ15ཡོད་པ་དང་། མཚོ་བྱང་ཁུལ་དུ་ནད་པ3ཡོད། 

མིག་སྔར་ནད་པ་དང་ཐུག་མྱོང་བའི་མི372ལ་རྗེས་འདེད་བྱས་ཏེ་རྩད་ཆོད་ཡོད་པ་དང་། མི6ལ་གསོ་རིག་ལྟ་ཞིབ་བྱེད་མཚམས་བཞག་ཅིང་། ད་དུང་མི36ཡིས་གསོ་རིག་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད།