མཚོ་སྔོན་ཞིང་ཆེན་གྱི་ཧུའུ་པེ་རོགས་སྐྱོར་སྨན་བཅོས་རུ་ཁག་ཐོག་མས་ད་སྔའི་བར་དུ་བསྡོམས་པས་ནད་པ117ལ་སྨན་བཅོས་བྱས།
2020.02.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 66

ཟླ་གཉིས་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧུའུ་པེ་རོགས་སྐྱོར་སྨན་བཅོས་རུ་ཁག་ཐོག་མས་ད་སྔའི་བར་དུ་བསྡོམས་པས་ནད་པ117ལ་སྨན་བཅོས་བྱས་ཤིང་། ཉིན་དེར་ནད་གཡོག་ཚན་ཆུང་གིས་ནད་པ་107ལ་ནད་གཡོག་བྱས།

ཉིན་དེར་མཚོ་སྔོན་ཞིང་ཆེན་གྱི་ཧུའུ་པེ་རོགས་སྐྱོར་སྨན་བཅོས་རུ་ཁག་ཐོག་མས་ཝུའུ་ཧན་གྲོང་ཁྱེར་ཞིན་ཀྲིག་ཆུས་མི་དམངས་སྨན་ཁང་དང་ཞིན་ཀྲིག་ཆུས་ཀྲུང་ལུགས་སྨན་ཁང་ནས། སྨན་བཅོས་མྱུར་སྐྱོབ་ཀྱི་ལས་དོན་ཧུར་ཐག་སྒོས་སྤེལ་ཏེ་བསྡོམས་པས་ནད་པ117ལ་ནད་བཅོས་བྱས་པའི་ཁྲོད་དུ། ནད་པ་དཀྱུས་མ83དང་ནད་པ་ལྕི་མོ8། དོགས་ཡོད་ནད་པ26བཅས་ཡོད། ཉིན་དེར་ནད་གཡོག་ཚན་ཆུང་གིས་ནད་པ་107ལ་ནད་གཡོག་བྱས། སྨན་ཁང་ནས་བུད་པའི་ནད་པ་དང་ཚེ་ལས་འདས་པའི་ནད་པ་གཅིག་ཀྱང་མེད།

ཟླ2ཚེས8ཉིན་གྱི་ཆུ་ཚོད8པར། མཚོ་སྔོན་ཞིང་ཆེན་ནད་གཡོགས་སྨན་བཅོས་རུ་ཁག་གི་ཁོངས་མི་རྣམས་ཝུའུ་ཧན་གྲོང་ཁྱེར་ཧུང་ཧྲན་ལུས་རྩལ་ཁང་གི་སྨན་ཁང་ནས་དངོས་སུ་བཅའ་སྡོད་བྱས་པ་དང་། ཐོག་མའི་ཁོངས་མི་ཞེ་གཉིས་པོ་དེ་ཁྱོན་ལས་རེས་ཚན་ཆུང6ལ་བགོས་པར་མ་ཟད། ཚན་ཆུང་རེར་མི་བདུན་རེ་ཡིས་ཆུ་ཚོད་བཞི་ཡི་རིང་ལ་ལས་ཀ་བྱེད་ཀྱིན་ཡོད། ཕྱི་དྲོའི་ཆུ་ཚོད་བཞིའི་སྟེང་། ཚན་ཆུང་དང་པོ་དང་གཉིས་པས་བྱ་བ་བསྒྲུབས་ཚར་ནས་ནད་ཁང་ནས་ཐོན་པ་དང་། ཚན་ཆུང་གསུམ་པ་ནད་ཁང་དུ་འཛུལ་ནས་སྨན་བཅོས་བྱེད་འགོ་བརྩམས།