ཟླ་གཉིས་པའི་ཚེས་དགུ་ཉིན་རྒྱལ་ནང་དུ་གསར་དུ་ངོས་བཟུང་བའི་ནད་པ 3062 ཡོད་པ་དང་། བསྡོམས་པས་ནད་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་བུད་པའི་ནད་པ3281ཡོད།
2020.02.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཚེས10ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ2པའི་ཚེས9ཉིན་གྱི་དུས་ཚོད་ཐིག་ནས་དུས་ཚོད24བར་དུ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གིས་གསར་དུ་ངོས་བཟུང་བའི་ནད་པ3062ལ་སླེབས་པ་དང་། དེའི་ནང་ནད་པ་ལྕི་མོའི་རིགས296གསར་དུ་འཕར་བ་དང་། གསར་དུ་ཚེ་ལས་འདས་པའི་ནད་པ97ལ་སླེབས།  དོགས་ཡོད་ནད་པ4008གསར་དུ་འཕར།

ཉིན་དེར་གསར་དུ་ནད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་པའི་ནད་པ632ལ་སླེབས། གསོ་རིགས་ལྟ་ཞིབ་མཚམས་བཞག་པའི་ནད་པ29307ཡོད།

ཟླ2པའི་ཚེས9ཉིན་གྱི་དུས་ཚོད24བར་དུ།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ལ་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ནས་བསྡོམས་རྩིས་བྱས་ཏེ་ནད་པ35982ངོས་བཟུང་བའི་སྙན་ཞུ་འབྱོར་ཡོད་པ་དང་། དེའི་ནང་ནད་པ་ལྕི་མོ6484ཡོད།  བསྡོམས་པས་ནད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་པའི་ནད་པ3281ལ་སླེབས། བསྡོམས་པས་ནད་པ908ཚེ་ལས་འདས་པ་དང་། ངོས་འཛིན་གཏན་འཁེལ་བྱས་པའི་ནད་པ40171ཡོད་པ་དང་།  ད་ལྟ་དོགས་ཡོད་ནད་པ་བསྡོམས་པས23589ཡོད། བསྡོམས་པས་ནད་པ་དང་འབྲེལ་འདྲིས་ཟབ་མོ་བྱས་པའི་མི399487ལ་རྗེས་འདེད་རྟོག་ཞིབ་བྱེད་བཞིན་ཡོད་ལ།  བསྡོམས་པས་མི187518ཡིས་གསོ་རིག་བརྟག་དཔྱད་དང་ལེན་བྱེད་ཀྱིན་ཡོད།

ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་སུ་བསྡོམས་པས་ནད་པ 64 ངོས་བཟུང་ཡོད་ཅིང་། དེའི་ནང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ 36དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ10། ཐེ་ཝན་ས་ཁུལ་དུ་ནད་པ 18བཅས་ཡོད།