མཚོ་སྔོན་ཞིང་ཆེན་གྱི་ཧུའུ་པེ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་ནད་གཡོག་རུ་ཁག་སྐོར་གཉིས་པའི་ཁོངས་མི་བརྒྱ་བོ་ཚང་མ་སྲོག་སྐྱོབ་སྨན་བཅོས་ལས་དོན་ཁྲོད་དངོས་སུ་ཞུགས།
2020.02.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 58

ཟླ་གཉིས་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧུའུ་པེ་ལ་རོགས་སྐྱོར་སྨན་བཅོས་བྱེད་པའི་རུ་ཁག་ཁག་དང་པོས་ཝུའུ་ཧན་གྲོང་ཁྱེར་ཞིན་ཀྲིག་ཆུས་མི་དམངས་སྨན་ཁང་དང་ཞིན་ཀྲིག་ཆུས་ཀྲུང་ལུགས་སྨན་ཁང་དུ་ནད་པ་བརྒྱ་དང་ཉེར་དྲུག་སྐྱོབ་བཅོས་བྱས།

ནད་པ126་ཡོད་པའི་ནང་ནད་པ་ཡང་མོ94དང་སྤྱིར་བཏང་གི་ནད་པ4། ནད་པ་ལྕི་མོ16། ཉེན་ཁ་ཆེ་བའི་ནད་པ8། དོགས་ཡོད་ནད་པ4བཅས་ཚུད་ཡོད། ཉིན་དེར་ནད་གཡོག་ཚན་ཆུང་གིས་ནད་པ126ལ་ནད་གཡོག་བྱས་པ་དང་། སྨན་ཁང་ནས་ཕྱིར་བུད་པའི་ནད་པ་མེད་པ་དང་ཚེ་ལས་འདས་པའིནད་པ་1ཡོད། ཟླ་གཉིས་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་སྐོར་དང་བོའི་ནད་གཡོག་ཞེ་གཉིས་ཀྱིས་ཝུའུ་ཧན་གྲོང་ཁྱེར་ཧུང་ཧྲན་ལུས་རྩལ་ཁང་གི་སྟབས་བདེའི་སྨན་ཁང་དུ་བཅའ་སྡོད་བྱས་ནས། ཁྱོན་ནད་ངོས་བཟུང་བའི་ནད་པ235ལ་ནད་གཡོག་བྱས་པའི་ནང་། ནད་པ་ཡང་མོ་དང་སྤྱིང་བཏང་གི་ནད་པ 232དང་། ནད་པ་ལྕི་མོ་3ཡོད། ཟླ་གཉིས་པའི་ཚེས་དགུ་ཉིན། སྐོར་གཉིས་པའི་ནད་གཡོག་རུ་ཁག་སྨན་ཁང་དུ་བཅའ་སྡོད་བྱས་ནས་ལས་དོན་སྤེལ་བ་དང་། ད་སྔའི་བར་དུ་མཚོ་སྔོན་ཞིང་ཆེན་གྱི་ནད་གཡོག་བརྒྱ་བོ་ཚང་མ་སྲོག་སྐྱོབ་སྨན་བཅོས་ལས་དོན་ནང་དངོས་སུ་ཞུགས་ཡོད།