མཚོ་སྔོན་ཞིང་ཆེན་གྱིས་ཧུའུ་པེ་ལ་རིན་གོང་སྒོར་འབུམ་གཉིས་དང་ཁྲི་ལྔའི་དུག་སེལ་གཤེར་ཁུ་ཏུན་ལྔ་བཅུ་ཞལ་འདེབས་སུ་ཕུལ།
2020.02.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 59

ཟླ2ཚེས11ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཧུའུ་པེ་ཡི་རིམས་ནད་ཚབས་ཆེན་ཡིན་པའི་ས་ཁུལ་ཏུ། རིན་གོང་སྒོར་འབུམ་གཉིས་དང་ཁྲི་ལྔའི་དུག་སེལ་གཤེར་ཁུ་ཏུན་ལྔ་བཅུ་རྒྱལ་ཁབ་སྨན་རྫས་མ་རྐང་ཚོད་འཛིན་ཀུང་ཟི་མཚོ་སྔོན་ཡན་ལག་ཀུང་ཟི་ནས་རླངས་འཁོར་ནང་བརྩིགསས་ཏེ། མཚོ་སྔོན་ཕན་ཁེ་དངོས་སྐྱེལ་ཚད་ཡོད་ཀུང་སིས་སྐྱེལ་འདྲེན་བྱས་ནས། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ལམ་ལ་ཆས།  དངོས་ཟོག་དེ་དག་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧུའུ་པེ་ཝུའུ་ཧན་སོགས་རིམས་ནད་ཚབས་ཆེན་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རོགས་སྐྱོར་བྱེད་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱ་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིབ་འཇུག་བྱས་ཏེ་མོས་མཐུན་བྱུང་བ་བརྒྱུད། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་དངོས་ཟོག་འགན་ལེན་ཚན་ཆུང་གིས་གྲབས་གསོག་བྱས་པ་རེད། 

བན་དེ་སྐྱབས་ཀྱིས་བསྒྱུར།