མཚོ་སྔོན་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་པ་གཅིག་སྨན་ཁང་ནས་བུད།
2020.02.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 118

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐལ་བཟང་རྣམ་རྒྱལ་དང་རིག་འཛིན་ཐར་གཉིས་ཀྱིས་སྤེལ་བའི་གསར་འགྱུར། 

ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་དུ། མཚོ་སྔོན་ཞིང་ཆེན་གྱི་གློ་ཚད་ཕོག་པའི་ནད་པ་གཅིག་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ནས་དྲག་སྐྱེད་བྱུང་ནས་ཕྱིར་བུད།

ནད་པ་དེ་ནི་ཟླ་གཉིས་པའི་ཚེས་བཞི་ཉིན་ཏོག་གསར་གློ་ཚད་ནད་པར་ངོས་བཟུང་སྟེ་སྨན་ཁང་དུ་བསྡད་པ་དང་། ཉིན་བཅུ་གསུམ་གྱི་རིང་སྨན་བཅོས་བྱས་པ་བརྒྱུད། གཞི་ནས་ནད་པ་དྲག་སྐྱེད་བྱུང་བའི་དམིགས་ཚད་ཚང་མ《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞིའི》ཚད་གཞིར་ལོངས་པ་དང་།  ཞིང་ཆེན་རིམ་པའི་སྨན་བཅོས་སྲོག་སྐྱོབ་ཆེད་མཁས་པའི་ཚན་ཆུང་གི་དཔྱད་འཇོག་བྱས་པ་བརྒྱུད་སྨན་ཁང་ནས་ཕྱིར་བུད། དེ་རིང་གི་ནད་པ་འདི་ནི་རང་རེའི་ཞིང་ཆེན་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་པའི་ཁྲོད་ནད་པ་བཅུ་བཞི་པ་རེད། སྨན་ཁང་ནས་ཕྱིར་བུད་རྗེས་ཉུང་མཐར་ཡང་ཉིན་བཅུ་བཞི་ཡི་རིང་ལ་ནད་པ་ལོགས་སུ་བཀར་ནས་གསོ་རིག་གི་ལྟ་ཞིབ་དང་ལེན་བྱེད་དགོས།

མིག་སྔའི་བར་དུ། མཚོ་སྔོན་གྱིས་ཏོག་གསར་གློ་ཚད་འགོས་པའི་ནད་པ་བཅོ་བརྒྱད་ལ་ནད་ངོས་བཟུང་བ་དང་། ཁྱོན་བསྡོམས་ནད་པ་བཅུ་བཞི་སངས་དྲག་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པ་དང་། ནད་པ་བཞི་སྔར་བཞིན་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་ཀྱིན་ཡོད་ཅིང་། ནད་པ་དེ་དག་གི་ནད་གཞི་ཅུང་བརྟན་པོ་རེད།