མཚོ་སྔོན་གྱིས་གཙོ་གནད་མ་ཡིན་པ་དང་སྤྱིར་བཏང་གི་འགོག་བཅོས་ཚོད་འཛིན་ས་ཁུལ་བར་གྱི་རྒྱལ་ལམ་དང་ཞིང་ཆེན་གྱི་གཞུང་ལམ། མྱུར་བགྲོད་གཞུང་ལམ་བཅས་ཀྱི་ཕྱིར་གཏོང་ནང་འདྲེན་ཁར་ཡོད་པའི་རིམས་བཤེར་བྱེད་ས་ཁྱོན་ཡོངས་ནས་མེད་པར་བཏང་།
2020.02.20 ཁུངས། ཀློག་གྲངས། 36

ཟླ་གཉིས་པའི་ཚེས་བཅུ་དགུའི་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་བརྒྱད་པ་བསྡུས། 

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་དཔའ་བརྟན་རྒྱལ་གྱིས་བཀོད་པའི་གསར་འགྱུར། 

ཟླ་གཉིས་པའི་ཚེས་བཅུ་དགུའི་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་བརྒྱད་པ་བསྡུས་པ་དང་། ཚོགས་ཐོག་ནས་རང་ཞིང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་གནས་ཚུལ་ཡང་དག་པའི་སྒོ་ནས་ཁུལ་བགོས་རིམ་བགར་བྱེད་པའི་གནད་སྨིན་ཇུས་འདོན་གྱི་བྱ་བའི་ཇུས་གཞིར་འགྲེལ་བཤད་བྱས། 

མཚོ་སྔོན་ཞིང་ཆེན་ཏོག་གསར་གློ་ཚད་ཀྱི་རིམས་ནད་གནས་ཚུལ་ལ་ཁུལ་བགོས་རིམ་བགར་བྱེད་པའི་གནད་སྨིན་ཇུས་འདོན་གྱི་བྱ་བའི་ཇུས་གཞིར་ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་ཞེ་གསུམ་པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་དངོས་སུ་འགྲེམ་སྤེལ་ལག་བསྟར་བྱས་པ་རེད།

བྱ་བའི་ཇུས་གཞིའི་ཁྲོད་དུ་གོ་རིམ་རྗེས་མའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་གཞི་རྩའི་རྩ་དོན་གསལ་བོར་བསྟན་ཡོད། གཅིག གཙོད་གནད་འབུར་ཐོན་བྱེད་པ་དང་གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་དགོས།

དུས་རིམ་སྔོན་མའི་བྱ་བའི་རྨང་གཞིའི་སྟེང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་གཙོ་བོ་རྒྱུད་མཐུད་ངང་བཟང་བོར་སྒྲུབ་པར་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པ་དང་། དེ་དང་མཉམ་དུ་ལས་གཞི་གལ་ཆེན་ལས་འགོ་རྩོམ་པ་དང་ཁེ་ལས་ཀྱི་ལས་ཀ་བསྐྱར་ལས་སླར་གསོ་བྱེད་པ། མང་ཚོགས་ཀྱི་འཚོ་བར་འགན་སྲུང་བྱེད་པ། ལས་ཞུགས་གཏན་འཇགས་སོགས་ཀྱི་བྱ་བར་གཅིག་གྱུར་སྒོས་མཐུན་སྦྱོར་དང་བཀོད་སྒྲིག་བཟང་བོ་བྱས་ཏེ། ད་ལོའི་བྱ་བ་སྣ་ཚོགས་ཀྱི་དམིགས་འབེན་བདེ་བླག་ངང་མངོན་འགྱུར་བྱེད་པར་འགན་སྲུང་བྱེད་དགོས།

གཉིས། ཁུལ་བགོས་རིམ་བགར་དང་གནད་སྨིན་ཇུས་འདོན་བྱེད་དགོས།

ཁུལ་བགོས་རིམ་བགར་དང་གནད་སྨིན་འཇུས་འདོན་གྱི་འགོག་སྲུང་ཚོད་འཛིན་དངོས་འབེབ་དམ་འཛིན་བྱེད་པ་དང་། ས་གནས་སོ་སོའི་དོན་དངོས་གནས་ཚུལ་ཡང་དག་པའི་སྒོ་ནས་གསལ་བོར་ཤེས་བར་བྱས་ནས། རྫོང་ཁོངས་གཅིག་སྡེ་ཚན་དུ་བྱས་པའི་ཁུལ་བགོས་རིམ་བགར་གྱི་ཁྱད་པར་ཅན་གྱི་བྱེད་ཐབས་གཏན་འཁེལ་བྱེད་པ། རང་འགན་རང་འཁུར་བྱེད་པ། རང་འགུལ་གཙོ་བོར་བཟུང་སྟེ། ཁག་འགན་འཁུར་ཐུབ་པ་དང་ཚན་རིག་གི་འགོག་སྲུང་བློ་གྲོས་ལྡན་པ། གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་བའི་བསམ་ཇུས་དང་རྩ་འཛུགས་ཀྱི་བྱེད་ཐབས་ནུས་པ་ལྡན་པར་བྱེད་དགོས།

གསུམ། ཚན་རིག་ལྟར་ཞིབ་འཇུག་ཐག་གཅོད་དང་ཉེན་ཁའི་དཔྱད་འཇོག་སྤེལ་དགོས།

རིམས་ནད་ཀྱི་འཕེལ་རྒྱས་གནས་བབ་དང་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་བཅའ་ཁྲིམས་དང་ཚན་རིག་ལྟར་ཞིབ་འཇུག་དང་སྔོན་དཔག་བརྡར་གཅོད་བྱེད་ཐུབ་པ་དང་། རིམས་ནད་འཕེལ་རྒྱས་གནས་བབ་གསར་བར་ཚོད་འཛིན་ཡང་དག་བྱེད་པ། རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་བྱ་བའི་ཁྲོད་དུ་མངོན་པའི་ཁྱད་ཆོས་གསར་བ་གཞིར་བཟུང་ནས། སྤྱི་ཕྱོགས་ནས་བསམ་བློ་གཏོང་བ་དང་ཚད་འབེབ་དཔྱད་འཇོག་བྱེད་པ། ཉེན་ཁའི་དཔྱད་འཇོག་བཟང་བོ་བྱས་ཏེ། ཁུལ་བགོས་རིམ་བགར་གྱི་གནད་སྨིན་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་ལ་ཁག་ཐེག་གལ་ཆེན་འདོན་སྤྲོད་བྱེད་དགོས།

བྱ་བའི་ཇུས་གཞིའི་ཁྲོད་དུ་རང་ཞིང་གི་ཁུལ་བགོས་རིམ་བགར་གྱི་ཚད་གཞི་དང་ས་ཁུལ་གཏན་འཁེལ་བྱས་ཡོད། རྒྱལ་ཁབ་ཀྱི་ཁུལ་བགོས་རིམ་བགར་བྱེད་པའི་བྱེད་ཐབས་དང་འབྲེལ་ཡོད་མཛུབ་སྟོན་གྱི་བསམ་འཆར་གཞིར་བཟུང་བ་དང་། རང་ཞིང་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱེད་པ། ཕྱོགས་ཡོངས་ནས་ནད་རྟགས་ཡོད་མེད་ཀྱི་སྙན་ཞུ་ལ་བསམ་བློ་གཏོང་བ། ཕྱིར་མཚོ་སྔོན་དུ་ལོག་པ་དང་མཚོ་སྔོན་དུ་ཡོང་བའི་མི་སྣའི་གྲངས་ཀ་དང་མི་གྲངས་ཀྱི་མང་ཉུང་། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གནས་ཚུལ། མི་གྲངས་འཁོར་བསྐྱོད་བྱེད་ཚུལ་གྱི་ཚད། སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས། ས་ཁམས་གནས་སྟངས་སོགས་ཀྱི་རྒྱུ་རྐྱེན་གཞིར་བཟུང་ནས། རང་ཞིང་གི་རྫོང་དང་གྲོང་ཁྱེར། ས་ཁུལ། སྲིད་འཛིན་ཨུ་ཡོན་ལྷན་ཁང་ཞེ་ལྔ་བཅས་སྔོན་འགོག་ཚོད་འཛིན་ས་ཁུལ་གལ་ཆེན་དང་གལ་ཆེན་མ་ཡིན་པའི་སྔོན་འགོག་ཚོད་འཛིན་ས་ཁུལ། སྤྱིར་བཏང་གི་སྔོན་འགོག་ཚོད་འཛིན་ས་ཁུལ་བཅས་སུ་དབྱེ་བ་རེད། དེའི་ཁྲོད་དུ་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དང་མཁར་བྱང་ཁུལ། ཧོང་ཀྲུང་ཁུལ། མཚོ་བྱང་ཁུལ་མིན་ཡོན་རྫོང་བཅས་རྫོང་དང་ས་ཁུལ་བཞི་དེ་སྔོན་འགོག་ཚོད་འཛིན་ས་ཁུལ་གལ་ཆེན་དུ་གཏན་འཁེལ་བྱས་པ་དང་། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ། མཁར་ནུབ་ཁུལ། ཧོང་ཡོན་རྫོང་། ཏ་ཐུང་རྫོང་། མཚོ་ཤར་གྲོང་ཁྱེར་ལའོ་ཏུའུ་ཁུལ། ཕེན་ཨེན་ཁུལ། ཧུའུ་ཀྲུའུ་རྫོང་། མེན་ཧོ་རྫོང་། ཧྭ་ལུང་རྫོང་། མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར། ན་གོར་མོ་གྲོང་ཁྱེར། མཚོ་ལྷོ་ཁུལ་གུང་ཧོ་རྫོང་། ཡུལ་ཤུལ་ཁུལ་ཡུལ་ཤུལ་གྲོང་ཁྱེར། མགོ་ལོག་ཁུལ་རྨ་ཆེན་རྫོང་། རྨ་ལྷོ་ཁུལ་ཐུན་རིན་རྫོང་བཅས་རྫོང་དང་གྲོང་ཁྱེར། ས་ཁུལ་བཅུ་དྲུག་བཅས་གལ་ཆེན་མ་ཡིན་པའི་སྔོན་འགོག་ཚོད་འཛིན་ས་ཁུལ་དུ་གཏན་འཁེལ་བྱས་ལ། དེ་ལས་གཞན་པའི་རྫོང་དང་གྲོང་ཁྱེར། སྲིད་འཛིན་ཨུ་ཡོན་ལྷན་ཁང་ཉེར་ལྔ་བཅས་སྤྱིར་བཏང་གི་སྔོན་འགོག་ཚོད་འཛིན་ས་ཁུལ་དུ་གཏན་འཁེལ་བྱས།

རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཕྱོགས་ནས་སྔོན་འགོག་ཚོད་འཛིན་བྱེད་པའི་ས་ཁུལ་གལ་ཆེན་དུ་རིམས་ནད་ཀྱི་གནས་ཚུལ་ཚད་འཇལ་བྱེད་པ་དང་སྨན་བཅོས་སྲོག་སྐྱོབ་བྱེད་པའི་བྱ་བར་ཤུགས་སྣོན་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བྱེད་ཐབས་གཟབ་ནན་གྱིས་དངོས་འབེབ་བྱེད་དགོས།

སྡོད་ཁུལ་དོ་དམ་གྱི་ཕྱོགས་ནས་སྔོན་འགོག་ཚོད་འཛིན་ཁུལ་གལ་ཆེན་དུ་སྡོད་ཁུལ་ལ་མཉམ་འགོག་མཉམ་བཅོས་བྱེད་པའི་ལམ་ལུགས་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་གཏོང་དགོས།

མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཕྱོགས་ནས་སྔོན་འགོག་ཚོད་འཛིན་ཁུལ་གལ་ཆེན་དུ་གོ་རིམ་ཡོད་པའི་སྒོ་ནས་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས།

ལས་འགོ་རྩོམ་པ་དང་བསྐྱར་ལས་བྱེད་པའི་ཕྱོོགས་ནས་སྔོན་འགོག་ཚོད་འཛིན་ཁུལ་གལ་ཆེན་དུ་ཁེ་ལས་ཀྱིས་ལས་འགོ་རྩོམ་པ་དང་བསྐྱར་ལས་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས།

འགྲིམ་འགྲུལ་སྐྱེལ་འདྲེན་ལ་འགན་སྲུང་བྱེད་པའི་ཕྱོགས་ནས་སྔོན་འགོག་ཚོད་འཛིན་ཁུལ་གལ་ཆེན་དུ་འགྲིམ་འགྲུལ་གོ་རིམ་ལྡན་པའི་ངང་ཤར་སྐྱོད་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས།