རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་ཀྱི་གནས་ཚུལ་གསར་བ།
2020.02.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 91

གསར་འགོད་པས་ཚེས22ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ2པའི་ཚེས22ཉིན་གྱི་ནམ་གུང་གི་དུས་ཚོད་བཅུ་གཉིས་ནས་དུས་ཚོད24བར་དུ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གིས་གསར་དུ་ངོས་བཟུང་བའི་ནད་པ648ལ་སླེབས་པ་དང་།  གསར་དུ་ཚེ་ལས་འདས་པའི་ནད་པ97ལ་སླེབས། དོགས་ཡོད་ནད་པ882གསར་དུ་འཕར།

ཉིན་དེར་གསར་དུ་ནད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་པའི་ནད་པ2230ལ་སླེབས། གསོ་རིག་ལྟ་ཞིབ་མཚམས་བཞག་པའི་ནད་པ22128ཡོད།ནད་པ་ལྕི་མོ509གིས་ཇེ་ཉུང་དུས་སོང་།

ཟླ2པའི་ཚེས22ཉིན་གྱི་དུས་ཚོད24བར་དུ། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་ལ་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ནས་བསྡོམས་རྩིས་བྱས་ཏེ་ནད་པ51606ངོས་བཟུང་བའི་སྙན་ཞུ་འབྱོར་ཡོད་པ་དང་། དེའི་ནང་ནད་པ་ལྕི་མོ10968ཡོད། བསྡོམས་པས་ནད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་པའི་ནད་པ22888ལ་སླེབས། བསྡོམས་པས་ནད་པ2442ཚེ་ལས་འདས་པ་དང་། ངོས་འཛིན་གཏན་འཁེལ་བྱས་པའི་ནད་པ76936ཡོད་པ་དང་། ད་ལྟ་དོགས་ཡོད་ནད་པ་བསྡོམས་པས4148ཡོད། བསྡོམས་པས་ནད་པ་དང་འབྲེལ་འདྲིས་ཟབ་མོ་བྱས་པའི་མི628517ལ་རྗེས་འདེད་རྟོག་ཞིབ་བྱེད་བཞིན་ཡོད་ལ། བསྡོམས་པས་མི106089ཡིས་གསོ་རིག་བརྟག་དཔྱད་དང་ལེན་བྱེད་ཀྱིན་ཡོད།

ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་སུ་བསྡོམས་པས་ནད་པ105ངོས་བཟུང་ཡོད་ཅིང་། དེའི་ནང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ69དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ10། ཐེ་ཝན་ས་ཁུལ་དུ་ནད་པ26བཅས་ཡོད།