མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཡུལ་དངོས་ཀྱི་ལས་བཟོ་བར་སེམས་ཁུར་བྱས།
2020.02.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཕན་ཡོད་བྱེད་ཐབས་སྤྱད་དེ། མཉམ་འགོག་མཉམ་འཛིན་བྱེད་པར་ཤུགས་བསྣན་པ་དང་། སྔོན་འགོག་ཚོད་འཛིན་བྱ་བའི་ཡུལ་དངོས་ཀྱི་ལས་བཟོ་བར་སེམས་ཁུར་བྱས་ལ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་བ་དང་བཟོ་ཚོགས་ཀྱི་ལས་བྱེད་པས་བློ་སེམས་རྩེ་གཅིག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་པར་སྐུལ་སློང་བཏང་།

མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་གནས་ཀྱི་སྨན་བཅོས་མི་སྣར་སེམས་ཁུར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་ནས། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཡུལ་དངོས་ཀྱི་སྨན་བཅོས་མི་སྣར་སེམས་ཁུར་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་སྨན་བཅོས་མི་སྣའི་ཆེད་དུ་་དོན་དངོས་བསྒྲུབ་པ་དང་དོན་བཟང་བསྒྲུབ་དགོས། གནས་ཚུལ་དངོས་ལ་གཞིགས་ནས། རྣམ་པ་སྣ་མང་གི་འཚམས་འདྲི་བྱ་འགུལ་སྤེལ་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ཡུལ་དངོས་ཀྱི་སྨན་བཅོས་མི་སྣའི་ཁྱིམ་ཚང་དུ་འཚམས་འདྲི་བྱེད་པར་སོང་ནས། ཁོ་ཚོའི་ཁྱིམ་མིའི་སློབ་སྦྱོང་དང་བྱ་བ། འཚོ་བའི་ཁྲོད་ཀྱི་དཀའ་ཁག་ཐག་གཅོད་པ་དང་། དུས་ཐོག་ཏུ་ཡུལ་དངོས་ཀྱི་སྨན་བཅོས་མི་སྣའི་དགོས་མཁོ་དངོས་ལ་རྒྱུས་ལོན་བྱས་ཏེ། ཡུལ་དངོས་ཀྱི་སྨན་བཅོས་མི་སྣར་དྲོད་ཁོལ་སྐྱེལ་བ་དང་བརྩེ་སེམས་འབུལ་དགོས་པའི་རེ་བ་བཏོན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་གཞུང་སྒྲུབ་ཁང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་མ་ལག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བར་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་མ་ལག་གི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་ཉིན་རེའི་སྙན་ཞུ་ལམ་ལུགས་བཙུགས་ནས། ཤུགས་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན། ཉེ་སྔོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཏང་ཙུའུ་ཁོངས་མི་སོ་སོས་སྔོན་དུ་བཀོད་འདོམས་བྱེད་པ་དང་། པུའུ་དང་ལས་ཁུངས་སོ་སོས་གཞོགས་འདེགས་བྱེད་པ། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་མྱུར་དུ་འགུལ་སྐྱོད་བྱེད་པ། ལས་བཟོ་བ་དང་མང་ཚོགས་རྣམས་བཟོ་ཚོགས་མ་ལག་གི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཞུགས་པའི་བྱ་བའི་རྣམ་པ་གྲུབ་ཡོད།

དུས་ཐོག་ཏུ་འཚམས་འདྲིའི་ཁྱབ་ཁོངས་རྒྱ་བསྐྱེད་པ་སྟེ། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་རྒྱུན་མཐུད་ངང་ཀྲུང་དབྱང་གི་ནོར་སྲིད་ཆེད་སྤྱོད་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་དགུ་འབུམ་གཉིས་སྟོང་ལྔ་བཏང་བ་དང་། དྲོད་ཁོལ་སྐྱེལ་བའི་ཆེད་སྤྱོད་མ་དངུལ་སྒོར་ས་ཡ་བཞི་དང་འབུམ་དགུ་ཁྲི་བདུན། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་དང་ཞིང་ཆེན་ནོར་སྲིད་ཀྱི་དྲོད་ཁོལ་སྐྱེལ་བའི་མ་དངུལ་བསྡོམས་པས་ས་ཡ་བདུན་བཅས་བཀོད་སྒྲིག་བྱས་ཏེ། དཀའ་ཁག་ཆེ་བའི་ལས་བཟོ་བའི་འཚོ་བའི་འགན་སྲུང་དང་དྲོད་ཁོལ་སྐྱེལ་བ་དང་འཚམས་འདྲི་བྱེད་པའི་ཐད་བཀོལ་སྤྱོད་བྱས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་གནས་ཀྱི་སྨན་བཅོས་མི་སྣར་སེམས་ཁུར་བྱེད་པའི་བྱ་བ་ནན་མོར་བསྒྲུབ་ཆེད། དུས་ཐོག་ཏུ་དྲོད་ཁོལ་སྐྱེལ་བའི་མ་དངུལ་སྒོར་ས་ཡ་བཞི་དང་འབུམ་གསུམ་ཁྲི་གསུམ་སྟོང་དྲུག་བཀོལ་ནས། འཚམས་འདྲི་ཁྱབ་ཁོངས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་གནས་བརྟན་སྲུང་བྱས་པའི་སྨན་བཅོས་འཕྲོད་བསྟེན་དང་དམངས་སྤྱོད་མཁའ་འགྲུལ། ལྕགས་ལམ། འགྲིམ་འགྲུལ་སོགས་སྡེ་ཁག་གི་ལས་བཟོ་བའི་སྟེང་རྒྱ་བསྐྱེད།

རིན་ཆེན་མཚོས་བསྒྱུར།