མཚོ་སྔོན་ཞིང་ཆེན་གྱི་ཝུའུ་ཧན་དུ་སོང་བའི་སྨན་བཅོས་རོགས་སྐྱོར་རུ་ཁག་གིས་ནད་པ་བཅོ་ལྔ་སྨན་ཁང་ལས་ཕྱིར་བུད་དུ་བཅུག
2020.02.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན་རང་རེའི་ཞིང་ཆེན་གྱི་ཝུའུ་ཧན་དུ་སོང་བའི་སྨན་རོགས་སྐྱོར་རུ་ཁག་གིས་ཝུའུ་ཧན་གྲོང་ཁྱེར་གྱི་ཞིན་ཀྲུག་ཆུའུ་མི་དམངས་སྨན་ཁང་དང་ཞིན་ཀྲུག་ཆུའུ་ཀྲུང་ལུགས་སྨན་ཁང་དུ་སྨན་བཅོས་རོགས་སྐྱོར་བྱེད་པའི་བྱ་བའི་ཁྲོད་དུ་ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན་ཞིན་ཀྲུག་ཆུའུ་ཀྲུང་ལུགས་སྨན་ཁང་དུ་ནད་པ་བརྒྱད་ལ་གསོ་བཅོས་བྱས་ཏེ་སྨན་ཁང་ལས་ཕྱིར་འབུད་དུ་བཅུག་པ་དང་ཝུའུ་ཧན་གྲོང་ཁྱེར་ཧུང་ཧྲན་ལུས་རྩལ་ཁང་སྒྲོམ་ཁྱིམ་སྨན་ཁང་དུ་ནད་པ་བདུན་ལ་གསོ་བཅོས་བྱས་ཏེ་སྨན་ཁང་ལས་ཕྱིར་འབུད་དུ་བཅུག

ཟླ་གཉིས་པའི་ཚེས་གསུམ་ཉིན། སྨན་བཅོས་རོགས་སྐྱོར་རུ་ཁག་གིས་ནད་པ་གྱ་དགུ་ལ་སྨན་བཅོས་རོགས་སྐྱོར་བྱས་པ་དང་དེའི་ནང་དུ་ནད་པ་དཀྱུས་མ་བརྒྱད་ཅུ་དང་ནད་པ་ལྕི་མོ་གསུམ། ཚབས་ཆེ་བའི་ནད་པ་ལྔ་དང་དོགས་ཡོད་ནད་པ་གཅིག་བཅས་ཡོད།ཆེད་མཁས་པ་དང་སྨན་བཅོས་རོགས་སྐྱོར་མི་སྣ་བཞི་ཞིན་ཁྲེང་སྨན་ཁང་སོགས་སུ་མངགས་ནས་ནད་པ་ལྕི་མོ་གསོ་བཅོས་དང་སྨན་ཁང་ལས་ཕྱིར་བུད་པའི་ནད་པར་ཁྲིད་སྟོན་དང་དཔྱད་འཇོག་བྱས།