གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། རྨ་ཆེན་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་པ་ལྟར། སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་དམའ་འབྲིང་གི་སློབ་གཙོ་གཉིས་བསྡུ་རྒྱུ་ཡིན་ཞིང་། ཞིབ་ཕྲའི་ནང་དོན་གཤམ་གསལ་ལྟར་ཡིན།
གཅིག ཆ་རྐྱེན།
ཏང་གི་མི་རིགས་སློབ་གསོའི་བྱ་གཞག་ལ་བློ་དཀར་ལ། ལས་ལ་བཀུར་ཞིང་བརྩོན་སེམས་ཆེ་བ་དང་། ལུས་ཁམས་བདེ་ལ་སྤྱོད་པ་བཟང་དགོས་པར་མ་ཟད། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི་ཡན་གྱི་བསླབ་གནས་དང་། སློབ་འབྲིང་རིམ་པའི་དགེ་རྒན་གྱི་ཐོབ་ཐང་། ད་ལྟ་གཞུང་སྒྲུབ་སློབ་འབྲིང་གི་སློབ་གཙོའི་འགན་འཁུརབཞིན་པ། ཡང་ན་སློབ་གཙོ་གཞོན་པའི་འགན་འཁུར་ནས་ལོ་གཉིས་ཡན་གྱི་བྱ་བའི་ཉམས་མྱོང་སོགས་ཡོད་དགོས། དེ་མིན་གཞུང་སྒྲུབ་སློབ་འབྲིང་ནས་ལོ་ལྔའི་ཡན་གྱི་བྱ་བའི་ཉམས་མྱོང་ཡོད་མཁན་ཡིན་ནའང་ཆོག
གཉིས། འགྲོ་རིམ།
1.སྤྱི་བསྒྲགས་སྤེལ་བ།
སྤྱི་ཚོགས་ཡོངས་ལ་ཁ་གཏད་ནས་སྤྱི་བསྒྲགས་སྤེལ་བའི་དུས་ཚོད་ནི། 2020ལོའི་ཟླ3པའི་ཚེས3ཉིན་ཡིན།
2.མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར་བྱེད་པ།
མིང་ཐོ་འགོད་པའི་དུས་ཚོད་ནི། 2020ལོའི་ཟླ3པའི་ཚེས4ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་ནས2020ལོའི་ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་བར་ཡིན།
ཐོང་ཐང་ཞིབ་བཤེར་བྱེད་པའི་དུས་ཚོད་ནི། 2020ལོའི་ཟླ3པའི་ཚེས9ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་ནས་ཕྱི་དྲོའི་ཆུ་ཚོད་དྲུག་བར་ཡིན།
མིང་ཐོ་འགོད་གནས། རྨ་ཆེན་རྫོང་སློབ་གསོ་ཅུའུ་སློབ་སྟོན་ཁང་།
འབྲེལ་གཏུག་མི་སྣ། ཝང་ཧའོ་ཡུན།
འབྲེལ་གཏུག་ཁ་པར། 18997458857
ཡིག་ཟམ། 634250401qq.com
3.ཕོགས།
ལོ་ཕོགས་སྟེང་ལ་ལས་ཐོབ་ཕོགས་བསྣོན་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ལོ་རེའི་ལོ་ཕོགས་སྒོར་ཁྲི20དང་། ལས་ཐོབ་ཕོགས་སྒོར་ཁྲི10སྟེ། བསྡོམས་པས་སྒོར་ཁྲི30ཡོད།
རྨ་ཆེན་རྫོང་སློབ་གསོ་ཅུའུ་ནས།
2020ལོའི་ཟླ3པའི་ཚེས2ཉིན།