མཚོ་སྔོན་ནས་བུའུ་ཧན་དུ་ཕྱིན་པའི་རེབ་ཐེངས་གཉིས་པའི་རོགས་སྐྱོར་སྨན་བཅོས་རུ་ཁག་རྒྱལ་ཁའི་ངང་ཕྱིར་ལོག
2020.03.17 ཁུངས། ཀློག་གྲངས། 73

ཟླ་3ཚེས17ཉིན། རྒྱལ་ཡོངས་ཀྱི་ཕྱོགས་སོ་སོ་ནས་བུའུ་ཧན་ལ་རོགས་སྐྱོར་དུ་ཕྱིན་པའི་སྨན་བཅོས་རུ་ཁག་41དེ་རིང་རྒྱལ་ཁའི་ངང་རང་ཡུལ་དུ་ལོག་པ་རེད། ཕྱི་དྲོའི་དུས་ཚོད་གསུམ་ཡས་མས་སུ་བུའུ་ཧན་ཧྥང་ཚིང་སྨན་ཁང་དུ་ཉིན་42རིང་ལ་སྨན་བཅོས་རོགས་སྐྱོར་གནང་བའི་མཚོ་སྔོན་ཞིང་ཆེན་གྱི་རེབ་ཐེངས་གཉིས་བའི་སྨན་བཅོས་རུ་ཁག་རྒྱལ་ཁའི་ངང་ཕྱིར་རང་ཡུལ་དུ་ལོག

མཚོ་སྔོན་ནད་སྐྱོང་སྨན་བཅོས་རུ་ཁག་ནི་མཚོ་སྔོན་ཞིང་ཆེན་གྱི་རེབ་ཐེངས་གཉིས་བའི་ཧུའུ་པེ་རུ་ཕྱིན་པའི་སྨན་བཅོས་རུ་ཁག་གཉིས་པ་དེ་ཡིན་ལ། ཁོང་ཚོ་ནི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་གྲོང་ཁྱེར་དང་རྫོང་སོགས་ནས་ཐོན་པའི་སྨན་དོན་མི་སྣ་102ཡིས་གྲུབ་པའི་སྨན་བཅོས་རུ་ཁག་ཅིག་རེད།ཟླ་2ཚེས་4ཉིན་ནས་བཟུང་བུའུ་ཁྲང་ཧྥང་ཚིང་སྨན་ཁང་ལ་རོགས་སྐྱོར་བྱས་ནས་ཉིན་40ལྷག་གི་རིང་ལ་རིམ་རྩིས་བྱས་ན་སྨན་ཁང་དུ་སྡོད་པའི་ནད་པ་328ལ་བདག་སྐྱོང་བྱས་པ་དང་། དེ་ལས་ནད་པ་246ནད་གཞི་དྲག་སྐྱེད་བྱུང་སྟེ་སྨན་ཁང་ལས་བུད། ཉིན་ཁ་ཤས་ཀྱི་སྔོན་ལ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུའུ་བཅས་ཀྱིས་“རྒྱལ་ཡོངས་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་སྔོན་ཐོན་རུ་ཁག ”གི་གཟི་བརྗིད་མཚན་སྙན་གནང་བ་རེད།

                                           རྒྱལ་ཁའི་ངང་ཕྱིར་ལོག་པའི་སྨན་དོན་མི་སྣ་102ཡི་མཉམ་པར།

                         

                                                                                           གསར་འགོད་པ།  ཐུབ་བསྟན་རྡོ་རྗེ།