ཟླ3པའི་ཚེས19ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་ཏོག་གསར་གློ་ཚད་རིམས་ནད་སྔོག་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་སྒྲོག་ཐེངས་བཅུ་གསུམ་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཟི་ལིང་དུ་བསྡུས།
མཚོ་སྔོན་ཞིང་ཆེན་ཧྲིན་ཀྲང་གཞོན་པའམ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཁིང་ཡུང་དང་། ཞིང་ཆེན་སློབ་གསོ་ཐིན་གྱི་ཐིན་ཀྲང་གཞོན་པ་དབྱང་ཧྥ་ཡུས། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཞུག་ཀྲོང་། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་གཞོན་པ་བང་ཆིང་སོགས་ཚོགས་འདུར་ཞུགས།
2020ལོའི་ཟླ3པའི་ཚེས6ཉིན་གྱི་ཆུ་ཚོད12སྟེང་ཞིང་ཆེན་ཡོངས་ཀྱི་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་རིམ་པ་གསུམ་པ་ནས་རིམ་པ་བཞི་བར་ལེགས་སྒྲིག་བྱས་པ་ནས་བཟུང་ཞིང་ཆེན་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་རིམས་ནད་སྔོན་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་བཏང་།
རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་གསར་པ་དང་འགྱུར་ལྡོག་གསར་པར་གཞིགས་ཏེ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ། རིགས་དབྱེ་མཛུབ་སྟོན། ཚན་རིག་དང་མཐུན་པའི་སྒོ་ནས་ལག་བསྟར་བྱས་ཏེ་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཤུགས་གང་ཡོད་བཏོན།
ཐེངས་འདིའི་ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁུལ་ལེགས་སྒྲིག་དང་ཕྱོགས་ཡོངས་ནས་སླར་གསོ་བྱུང་བ། སྤྱི་ཚོགས་ཀྱི་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་བའི་སྣང་ཚུལ་དུས་ཐོག་ཏུ་གོ་རིམ་ལྡན་པའི་ངང་སྒྲུབ་པ། ཟླ3པའི་ཚེས9ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ནུས་ཤུགས་ཡོད་རྒུས་སློབ་འགོ་ཚུགས་པའི་ལས་དོན་ལ་མཐོང་ཆེན་བྱས་ཏེ། ཚེས18ཉིན་བར་དམའ་རིམ་དང་། མཐོ་རིམ་སློབ་འབྲིང་། འབྲིང་རིམ་ལས་རིགས་སློབ་གྲྭ390སློབ་འགོ་ཚུགས་ཏེ། སློབ་མ་ཁྲི23.62སློབ་གྲྭར་འབྱོར་ཐོ་བཀོད་ཡོད། དེ་བཞིན་སློབ་ཁྲིད་ཀྱི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སྤེལ་ཏེ། སློབ་གྲྭ་ཁག་གི་འགོག་སྲུང་བྱ་ཐབས་ཞིབ་ཚགས་བྱེད་པ། སློབ་འགོ་ཚུགས་པ་དང་སློབ་ཁྲིད་སླར་གསོའི་ལས་དོན་ལ་མཐོང་ཆེན་གང་ལེགས་བྱེད་བཞིན་ཡོད།
ཚེས17ཉིན་ཧུའུ་པེ་ནས་རང་ཞིང་དུ་ཕྱིར་ལོག་པའི་སྨན་བཅོས་རུ་ཁག་ལ་ཁྱོན་བསྡོམས་པའི་མི102ཡོད་དང་། དེའི་ནང་ནད་གཡོག་པ100དང་། དེ་དག་ནི་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་སྨན་བཅོས་སྡེ་ཁག25ཡིས་འདེམས་གཏོང་བྱས་ནས་མངགས་པ་རེད་ལ། མིག་སྔར་རང་ཞིང་གིས་སྨན་བཅོས་དང་ནད་སྐྱོང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཧུའུ་པེ་ཞིང་ཆེན་གྱིས་གདེང་འཇོག་ཆེན་པོ་ཐོབ་ཡོད་པ་རེད།
དེ་བཞིན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རིམས་ནད་སྐབས་ཀྱི་ལས་ཀའི་ལམ་སྲོལ་མགྱོགས་མྱུར་ངང་ལག་བསྟར་བྱས་པ་དང་། ཉེན་ཁ་སྔོན་འགོག་བྱས་པ། བདེ་འཇགས་འགན་ལེན་བྱས་པ། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཏེ། རིམས་ནད་ནང་འདྲེན་བྱས་པའི་ཉེན་ཁར་དོགས་ཟོན་བྱས་ནས་རིམས་ནད་ཚོད་འཛིན་གྱི་བྱ་བར་ཧུར་ཐག་སྒོས་སྤེལ་བཞིན་ཡོད།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ཀྲི་མིན་གྱིས་ཚོགས་འདིར་འགོ་འཛིན་བྱེད་བཞིན་པ།
མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཁིང་ཡུང་གིས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ཐིན་ཀྲང་གཞོན་པ་དབྱང་ཧྥ་ཡུས་ཀྱིས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཞུག་ཀྲོང་གིས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་གཞོན་པ་བང་ཆིང་གིས་གཏམ་བཤད་གནང་བཞིན་པ།
ཚོགས་རའི་ཟུར་ཞིག
སྨྱན་བྱད་སྡེ་ཁག
གསར་འགོད་པ། དབང་རྒྱལ་ཚེ་རིང་།