མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་ཉི་ཤུ་ལོའི་དམངས་ཚིས་དོན་དངོས་ལས་གཞི་བཅུ་གསར་དུ་བཏོན།
2020.03.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

ཉིས་སྟོང་ཉི་ཤུ་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་གྱི་མཇུག་བསྡུ་བའི་ལོ་དང་།  བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་རྒྱལ་ཁ་བརྩོན་ལེན་བྱེད་པའི་ལོ་ཡང་ཡིན།ནན་ནན་ཏིག་ཏིག་གིས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱས་ཏེ།  གནད་གཅིག་གིས་ཕྱོགས་ཡོངས་སྐུལ་ཁྲིད་བྱེད་པ་དང་།  ཕྱོགས་ཡོངས་ཀྱི་དམངས་འཚོའི་ལས་དོན་འཕེལ་རྒྱས་ཆེན་པོར་སྐུལ་འདེད་གཏོང་ཕྱིར། བསྐྱར་འདེམས་ཐེམས་མང་བརྒྱུད་མཐར།  མཚོ་སྔོན་ཞིང་ཆེན་གྱིས་ཁ་ཕྱོགས་བཅུ་དང་རྣམ་གྲངས་ཞེ་གཅིག་ཅན་གྱི་དམངས་ཚིས་དོན་དངོས་ལས་གཞི་གསར་དུ་བཏོན།

ལས་ཞུགས་དམིགས་བཀར་ལས་གཞི་དང་། སློབ་གསོའི་རྨང་བརྟན་ལས་གཞི། སྡོད་ཁང་འགན་སྲུང་ལས་གཞི།  བདེ་ཐང་མཚོ་སྔོན་ལས་གཞི།  རྒན་བཀུར་གཞོན་སྐྱོང་ལས་གཞི།  དབུལ་སྐྱོར་གནད་སེལ་ལས་གཞི།  རིག་རྩལ་དམངས་ཕན་ལས་གཞི།  བདེ་སྐྱིད་ཁྱིམ་གཞིའི་ལས་གཞི་དང་།  སྤུས་བཟང་ཞིང་དར་ལས་གཞི།   བདེ་འཇགས་མཚོ་སྔོན་ལས་གཞི་བཅས་བཅུ་ནི།  ཉེ་ལམ་རང་ཞིང་གིས་གསར་དུ་བཏོན་པའི་ཉིས་སྟོང་ཉི་ཤུ་ལོའི་དམངས་ཚིས་དོན་དངོས་ལས་གཞི་བཅུ་རེད།