རྐང་ཚ་རྫོང་གིས་ཞིང་འབྲོག་ས་ཁུལ་གྱི་མི་སྡོད་ཁོར་ཡུག་ཕྱོགས་ཡོངས་ནས་བཅོས་སྐྱོང་གི་བྱ་བ་རྒྱུན་མཐུད་ངང་སྤེལ་མགོ་བརྩམས།
2020.03.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་གཉིས་པ་ནས་མགོ་བཟུང་སྟེ་རྐང་ཚ་རྫོང་གིས་ཤུགས་ཆེན་པོས་རྒྱལ་གཅེས་འཕྲོད་བསྟེན་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས་ཤིང་ཁོར་ཡུག་འཕྲོད་བསྟེན་གཙང་སེལ་དང་མི་སྡོད་ཁོར་ཡུག་ལེགས་བཅོས་སོགས་ལ་ཤུགས་སྣོན་བྱས་ཏེ་མིག་སྔའི་བར་ཏུ་གཙང་ཆུའི་མགོ་ཁུངས་སུ་ཐེངས་ཉི་ཤུ་ལྷག་ལ་གཙང་བཤེར་དང་གད་སྙིགས་ཏུན་སྟོང་གཅིག་ལྷག་གཙང་སེལ་བྱས།

རྐང་ཚ་རྫོང་གིས་ཁུལ་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་རྫོང་དང་རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར་དང་ཟུང་འབྲེལ་བྱས་ཏེ་གྲུབ་འབྲས་སྲ་བརྟན་དང་བྱ་བ་མཐོར་འདེགས་བཏང་། རྫོང་ཡོངས་སུ་རྒྱལ་གཅེས་འཕྲོད་སྟེན་བྱ་འགུལ་དང་འཕྲོད་སྟོན་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་བའི་འོས་འགན་ཞིབ་ཕྲ་བྱས་ཏེ་ཏང་འཛུགས་དང་རིམས་ནད་འགོག་སྲུང་གི་དྲིལ་སྒྲོག མི་སྡོད་ཁོར་ཡུག་ཕྱོགས་ཡོངས་བཅོས་སྐྱོང་མཐོར་འདེགས་སོགས་ཀྱི་རྣམ་པ་བརྒྱུད་དེ་ཏང་ཀྲི་པུའུ་ཡིས་གཅིག་གྱུར་འཆར་འགོད་དང་སྡེ་བའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་དོ་དམ་བྱེད་པ།  ཏང་ཡོན་རེ་རེའི་ཁྱིམ་ཚང་རེ་འགན་དུ་ལེན་པ། ཞིང་ཁྱིམ་གྱིས་གཙང་གྲྭ་འགན་དུ་ལེན་པ་སོགས་ཀྱི་རྣམ་པ་བཙུགས་ཏེ་མི་སྡོད་ཁོར་ཡུག་ཕྱོགས་ཡོངས་བཅོས་སྐྱོང་གི་བྱ་བའི་ལམ་ལུགས་མཐོར་འདེགས་གཏོང་དགོས། སྐོར་ཁག་བགོས་ནས་འགན་གཙང་ལེན་བྱེད་པའི་ལམ་ལུགས་ལ་ཤུགས་སྣོན་བྱས་ཏེ་སྒོ་མདུན་གྱི་འགན་འཁྲི་གསུམ་དངོས་འབེབ་བྱ་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཡོངས་ལ་སྐུལ་སློང་བྱས་ཏེ་ཁོར་ཡུག་འཕྲོད་སྟེན་ཕྱོགས་ཡོངས་བཅོས་སྐྱོང་མགོ་རྩོམ་དགོས་པ་དང་ཞིང་སྡེའི་མི་སྡོད་ཁོར་ཡུག་གི་འབུར་ཐོན་གནད་དོན་ཐག་གཅོད་དང་སྡེ་བའི་ཕྱིའི་རྣམ་པ་ལེགས་སྒྱུར་བྱས་ཏེ་ཞིང་འབྲོག་ས་ཁུལ་གྱི་མི་སྡོད་ཁོར་ཡུག་རྒྱུད་མཐུད་ངང་ཇེ་ལེགས་སུ་གཏོང་དགོས་ཟེར། 

རིག་འཛིན་ཐར་གྱིས་སྒྱུར།