མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱིའི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་ཚད་བརྒྱ་ཆའི་གོ་གཉིས་དང་གྲངས་ཆུང་གཅིག་ལ་སླེབས།
2020.03.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

རིམས་ནད་གསར་པ་བྱུང་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བ་དང་། ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་ཧུར་ཐག་བྱས་ཡོད། ཟླ3ཚེས26ཉིན་བར་ཞིང་ཆེན་ཡོངས་སུ་སྤྱིའི་ཆ་ནས་ལས་འགོ་བསྐྱར་རྩོམ་བྱེད་མཁན་གྱི་ཁྱིམ་ཚང18148ཡོད་ཅིང་། ཁྱིམ་ཚང་དེ་དག་གི་ལས་འགོ་བསྐྱར་རྩོམ་བྱེད་ཚད92.1%སླེབས་པའི་ནང་། བཟོ་ལས་ཆེ་གྲས་སྤྱོད་མཁན་གྱི་ཁྱིམ་ཚང1461ཡོད་པ་དང་ཁྱིམ་ཚང་དེ་དག་གི་ལས་འགོ་བསྐྱར་རྩོམ་བྱེད་ཚད82.3%སླེབས། སྤྱིར་བཏང་གི་བཟོ་ཚོང་ལས་རིགས་ཁྱིམ་ཚང་16687ཡོད་ཅིང་ལས་འགོ་བསྐྱར་རྩོམ་བྱེད་ཚད་93.1%སླེབས། ཟླ3ཚེས་26ཉིན་བར་ལས་ཀ་དང་ཐོན་སྐྱེད་བསྐྱར་རྩོམ་བྱེད་པའི་ཆེད་དོན་ལམ་ཐིག་གི་ཆེད་སྒྲིག་དྲ་ཚིགས་ལ་རིམ་རྩིས་བྱས་ན། རེ་ཞུ5849འབྱོར་ནས་གྱོད་གཞི་5840ཐག་གཅོད་བྱས་པ་དང་གྱོད་གཞི་ཐག་གཅོད་བྱེད་ཚད་99.8%སླེབས།

བན་དེ་སྐྱབས་ཀྱིས་བསྒྱུར།