མཚོ་ལྷོ་ཁུལ་གྱི་དམིགས་བསལ་མཐོ་གནོན་རྟེན་གཞིའི་སྒྲིག་སྦྱོར་གློག་ཤུགས་ཀྱི་རྣམ་གྲངས་ཡོངས་ལས་མགོ་བསྐྱར་ཏུ་བརྩམས།
2020.03.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་དམིགས་བསལ་མཐོ་གནོན་རྟེན་གཞིའི་སྒྲིག་སྦྱོར་གློག་ཤུགས་ཀྱི་རྣམ་གྲངས་ཉེར་དྲུག་པོ་ཕྱོགས་ཡོངས་ནས་བཟོ་སྐྲུན་ལས་གཞི་མགོ་བསྐྱར་ཏུ་བརྩམས།

མཚོ་ལྷོ་ཁུལ་དམིགས་བསལ་མཐོ་གནོན་ཕྱིར་འདྲེན་རྒྱུ་ལམ་ནི་རང་རེའི་ཞིང་ཆེན་གྱིས་རང་འགུལ་སྒོས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་ཞུགས་ཏེ་ལྗང་མདོག་ཐོན་ཁུངས་ཀྱི་ཚད་འཕར་རིམ་བསྒྱུར་ལ་སྐུད་འདེད་གཏོང་བའི་ཐབས་ལམ་གཙོ་བོ་དང་ནུབ་བྱང་ས་ཁུལ་གྱི་ཡང་བསྐྱར་བེད་སྤྱད་བྱས་ཆོག་པའི་སྐྱེ་ལྡན་ཐོན་ཁུངས་སྤྱི་ཡོངས་ཕྱིར་སྐྱེལ་ཆུ་ཚད་མཐོར་འདེགས་གཏོང་བའི་བཟོ་སྐྲུན་གཙོ་བོ་ཡིན།རྣམ་གྲངས་ཀྱི་འཆར་གཞི་ནི་ལས་བཟོ་བ་ཆེས་མང་བའི་དུས་སྐབས་སུ་མི་ཁྲི་གསུམ་དང་སྟོང་དྲུག་ལྔ་བརྒྱ་ཞེ་གསུམ་དང་མིག་སྔར་ལས་རྐང་དུ་སླེབས་པའི་མི་གྲངས་སྟོང་ལྔ་དང་བརྒྱད་བརྒྱ་དོན་གཉིས་ཡོད། ད་ལོའི་མ་རྩའི་འཆར་གཞི་སྒོར་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བདུན་དུར་ཕྱུར་བདུན་ཡིན་པ་དང་མིག་སྔའི་དུས་ཚིགས་གཅིག་ལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་དགུ་གཏང་རྒྱུའི་སྔོན་རྩིས་ཡོད།

ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད་འོག་དང་མཚོ་སྔོན་ཞིང་ཆེན་ཐོན་ཁུངས་ཅུའུ་དང་ཁེ་ལས་སོ་སོའི་གཞོགས་འདེགས་འོག་ཏུ་རིམས་ནད་ཀྱིས་གནོད་ཤུགས་སེལ་ཏེ་དུས་ཚིགས་དང་པོའི་ལས་ཐོན་བཟོ་སྐྲུན་གྱི་རྣམ་གྲངས་མགོ་བརྩམས་པ་དང་ད་ལོའི་ཟླ་དགུ་བའི་ཚེས་སུམ་བཅུ་ཉིན་གྱི་འཛུགས་སྐྲུན་ལ་མ་རྩ་དང་འཁོར་སྐྱོད་ཀྱི་རྨང་གཞི་བརྟན་པོ་བཏང་།