ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་ནས་ཟླ་བཞི་བའི་ཚེས་གསུམ་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་གཞི་རིམ་ལས་བྱེད་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་དབྱེ་ཞིབ་དང་སྲིད་ཇུས་འགྲེལ་གློག་གི་ཞིང་ཆེན་རིམ་པའི་དཔེ་སྟོན་འཛིན་གྲྭ་བསྡུས་པ་དང་། རྫོང་དང་གྲོང་ཁྱེར། ཆུའུ་བཅས་ཀྱི་འཕྲོད་བསྟེན་བདེ་ཐང་དང་འཕྲལ་བསྟུན་དོ་དམ། ཚོང་ར་ལྟ་སྐུལ། སློབ་གསོ་སོགས་སྡེ་ཁག་གི་འགན་ཁུར་མི་སྣ་དང་ཞིང་དང་གྲོང་རྡལ་གྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་གི་ཁོངས་མི་བཅས་བསྡོམས་པས་མི་བཞི་བཅུ་གསོ་སྦྱོང་ལ་ཞུགས།
ཐེངས་འདིའི་གསོ་སྦྱོང་ཐད་ནས་ཆེད་དོན་འཆད་ཁྲིད་དང་བརྙན་རིས་སློབ་ཁྲིད། སྣང་ཚུལ་ལད་ཟློས་སོགས་ཀྱི་རྣམ་པ་སྤྱད་དེ། སློབ་མས་གཙོ་བོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་འགྲེལ་ཀློག རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་དབྱེ་ཞིབ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཕྱོགས་བསྡུས་མཐུན་སྦྱོར་བཟང་བོར་བསྒྲུབ་པ། སྤྱི་ཚོགས་གླེང་ཕྱོགས་ཀྱི་སྣེ་ཁྲིད་བྱ་བར་ཤུགས་སྣོན་པ་སོགས་སྤུས་ལེགས་དྲ་ཐོག་སློབ་ཁྲིད་ལྔར་སློབ་སྦྱོང་བྱས། ཐོལ་བྱུང་དོན་རྐྱེན་སྔོན་དཔག་སྔོན་འགོག་དང་སྔོན་བརྡ་སྔོན་སྡོམ། འཕྲལ་བསྟུན་དོ་དམ་ཁྲོད་ཀྱི་མི་ཡོངས་དེའི་ཁྲོད་ཞུགས་པ་དང་གཞི་རིམ་སྔོན་འགོག་ཚོད་འཛིན་ཉམས་མྱོང་། སྡོད་ཁུལ་གྱི་སྔོན་འགོག་ཚོད་འཛིན་ཡུལ་དངོས་སློབ་ཁྲིད། སྣང་ཚུལ་ལད་ཟློས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སོགས་ནང་དོན་ལ་དམིགས་ནས་གྲོས་སྡུར་བརྗེ་རེས་གཏིང་ཟབ་སྤེལ་ནས། གསོ་སྦྱོང་ལ་ཞུགས་པའི་སློབ་མ་རྣམས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་སྲིད་ཇུས་བྱེད་ཐབས་ལ་རྒྱུས་ལོན་སྔར་ལས་གཏིང་ཟབ་བྱེད་དུ་བཅུག་པ་དང་། ཆོས་ཉིད་ལ་རྒྱུས་ལོན་བྱེད་པ་དང་སྟོབས་ཤུགས་མཉམ་བསྲེས་བྱེད་པ། མང་ཚོགས་རྩ་འཛུགས་བྱེད་པ། ཉེན་ཁ་ཐག་གཅོད་པའི་ནུས་པ་སྔར་ལས་མཐོར་འདེགས་བྱས། སློབ་མ་ཚོས་མཐའ་གཅིག་ཏུ། ཐེངས་འདིའི་གསོ་སྦྱོང་བཀོད་སྒྲིག་གི་དུས་ཚོད་ཧ་ཅང་བཟང་བ་དང་། སློབ་ཁྲིད་ནང་དོན་གྱི་ཁ་གཏད་རང་བཞིན་ཆེ་ལ། དྲ་ཐོག་དང་དངོས་ཐོག་སློབ་ཁྲིད་གཉིས་ཟུང་འབྲེལ་བྱས་པ་དང་། བྱེད་ཐབས་བཟང་བ་དང་གྲུབ་འབྲས་ཆེན་པོ་ལྡན། སློབ་སྦྱོང་གི་གྲུབ་འབྲས་བྱ་བའི་ལག་ལེན་ཁྲོད་བཀོལ་སྤྱོད་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྡེ་ཁག་གི་བྱ་བ་སྣ་ཚོགས་ལ་གཅིག་གྱུར་འཆར་འགོད་བྱས་ནས། འཐུས་ཤོར་མི་བྱེད་པ་གཉིས་དང་སྐུལ་འདེད་གཉིས་ལག་བསྟར་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།