ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། དབུལ་ཐར་གྲུབ་འབྲས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ལས་གཞིར་མ་དངུལ་གཏོང་བ། ཁྱད་ལྡན་ཐོན་ལས་གསོ་སྐྱོང་། དམངས་ཚིས་ཇེ་ལེགས་སུ་གཏོང་བ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། མི་རིགས་མཐུན་སྒྲིལ་སོགས་ཀྱི་གཙོ་གནད་ལས་དོན་དཀྱིལ་སྙིང་དུ་བཟུང་ནས། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་བཏང་།
མགོ་ལོག་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་གཅིག་བཏང་ནས་ས་ནག་གྲམ་ཐང་བཅོས་སྒྲིག་དང་། ནགས་ཚལ་དང་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་སྔོན་འགོག་ཚོད་འཛིན་སོགས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་སྐབས་གཉིས་པ་ལག་བསྟར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཉིས་ས་ཡ་གསུམ་བཏང་ནས་རང་བྱུང་ནགས་ཚལ་དང་། སྤྱི་ཕན་ནགས་ཚལ་ཐོན་ཁུངས་དོ་དམ་སྲུང་སྐྱོབ། རྨོ་བསྐྱུར་ནགས་འདེབས། ཕྱུགས་བསྐྱུར་རྩྭ་གསོ། བརླན་སའི་སྤྱི་གླིང་འཛུགས་སྐྲུན་སོགས་ཀྱི་ཆེད་དོན་བཟོ་སྐྲུན་ལག་ལེན་དུ་བསྟར་ནས། ཞིང་ཆེན་ཡོངས་ཀྱི་ས་མཐོའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་དོ་དམ་ལ། ཁྱབ་གདལ་དུ་གཏོང་བ་དང་འདྲ་བཟོ་བྱས་ཆོག་པའི་གྲུབ་འབྲས་ཡོད་པའི་ཉམས་མྱོང་མཁོ་འདོན་བྱས། དུས་མཚུངས་སུ། “ས་མཐོའི་མཛེས་སྡུག་ལྡན་པའི་མཁར་གྲོང”འཛུགས་སྐྲུན་གྱི་དཔེ་སྟོན་ཞིང་ཆེན་དང་གྲོང་ཁྱེར་དང་གྲོང་བརྡལ་ཅན་གསར་པ་འཛུགས་རྒྱུར་བརྟེན་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ་དང་གྲོང་ཁྱེར་དང་གྲོང་བརྡལ་ཅན་གྱི་བར་སྟོང་རྣམ་པ་གསར་པ་ཇེ་ལེགས་སུ་བཏང་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་གྲོང་ཁྱེར་དང་གྲོང་རྡལ་ཧུར་ཐག་གིས་བསྐྲུན་རྒྱུ་དང་། ཞང་དང་གྲོང་བརྡལ44ཡི་སྒྲིག་ཚུད་སྡེ་བ144ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པའི་རྨང་གཞིའི་སྟེང་ནས། ཆ་རྐྱེན་འཛོམས་པའི་སྒྲིག་ཁོངས་སུ་ཚུད་པའི་སྡེ་བར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ། མི་དམངས་ཕྱིར་སྐྱོད་ཀྱི“མཐའ་མའི་འགག་གནད”ཡག་པོ་བསྒྲུབས་ཡོད།
མགོ་ལོག་ཁུལ་གྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་དང་གྲོང་གསེབ་དར་རྒྱས། ནོར་གནག་དང་ནས་ཀྱི་ཐོན་ལས་འཕེལ་རྒྱས་བཅས་དང་ཟུང་འབྲེལ་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར1.4བསྡུ་རུབ་བྱས་ནས་སྐྱེ་ཁམས་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་ལས་གཞི་ཕྱོགས་ཡོངས་ནས་སྲ་བརྟན་དང་རིམ་སྤོར་བྱེད་པ་དང་། སྐྱེ་ཁམས་ཞིང་འབྲོག་ལས་མཉམ་ལས་དཔལ་འབྱོར་མ་རྐང་ལམ་ལུགས་སྒྱུར་བཅོས་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། ཐོན་སྐྱེད་གཞི་ཁྱོན་སྔར་ལས་ཆེ་རུ་གཏོང་བ། ཐོན་སྐྱེད་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས། དེང་རབས་ཞིང་འབྲོག་ལས་ཐོན་ལས་ཐོན་སྐྱེད་དང་གཉེར་སྐྱོང་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབས། “སྐྱེ་ཁམས་མགོ་ལོག་དང་ལྗང་མདོག་ཞིང་ཕྱུགས”ས་ཁོངས་ཀྱི་སྤུས་ལེགས་ཐོན་རྫས་ཁྱོན་ཡོངས་ནས་བསྐྲུན་ཏེ། རོང་འབྲོག་ས་ཁུལ་གྱི་གློག་དྲ་སྒྱུར་བཀོད་བཟོ་སྐྲུན་ལག་བསྟར་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་བཏང་ནས། ལོ་འདིའི་ནང་མ་དངུལ་སྒོར་དུང་ཕྱུར2.42བཏང་སྟེ་ཞང་དང་གྲོང་རྡལ་གཉིས་ཀྱི་མཐའ་འཁོར་དུ་གློག་མེད་པའི་གྲོང་ཚོའི་གློག་གི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས། རངོ་འབྲོག་ས་ཁུལ་གྱི་གློག་གི་འགན་ལེན་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།
གོང་གསལ་ལས་སྒོ་དེ་དག་གི་རྨང་གཞིའི་སྟེང་དུ། མགོ་ལོག་ཁུལ་གྱིས“དྲ་སྦྲེལ་གྱི་ཁར་སྨན་བཅོས་བདེ་ཐང་སྣོན་པའི”བྱེད་ཕྱོགས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཤེས་རབ་བདེ་ཐང་ལས་སྟེགས་བཀོལ་སྤྱོད་གཏིང་ཟབ་བྱ་རྒྱུར་མཐོང་ཆེན་བྱེད་པ། འཕྲོད་བསྟེན་ཆ་འཕྲིན་ལས་སྟེགས་ཕན་ཚུན་སྦྲེལ་མཐུད་ཐུབ་པ། རྒན་གསོའི་ཞབས་ཞུ་དང་སྤྱི་ཚོགས་རོགས་སྐྱོབ། སྤྱི་ཚོགས་ཕན་བདེ། དགེ་སྒྲུབ་བྱ་གཞག གཟིགས་སྐྱོང་བཀོད་སྒྲིག་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། རྒན་རྒོན་དང་བྱིས་པ། དབང་པོ་སྐྱོན་ཅན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་དང་གཞི་རྩའི་འཚོ་བའི་འགན་ལེན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། 10%ལས་མི་དམའ་བའི་ཚད་ལ་གཞིགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་མུ་མཐུད་མཐོ་རུ་གཏོང་བ། སྲིད་ཇུས་ཀྱི་འདེགས་སྐྱོར་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།