ད་ལོར་མཚོ་སྔོན་གྱིས་རིག་དངོས་སྲུང་སྐྱོབ་ལས་གཞི་ཆེ་གྲས་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་།
2020.04.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 200

ཟླ4ཚེས2ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིག་དངོས་ཅུའུ་ཀྲང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་མཚོ་སྔོན་ཞིང་ཆེན་གྱི་རིག་དངོས་ལས་དོན་དེ་གཙོ་བོ་རྨ་ཆུའི་བཞུར་རྒྱུད་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་དར་སྤེལ་ནང་ཧུར་ཐག་ཞུགས་རྒྱུ་དང་། རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་སྟེ་མིང་རྒྱལ་རབས་ཀྱི་མཁར་རྙིང་ རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ཚོད་ལྟ་བྱ་རྒྱུ། འཆར་འགོད་གལ་ཆེན་གྱི་ལེ་ལག་ཚང་བའི་བྱེད་ཐབས་དོན་འཁྱོལ་བྱ་རྒྱུ། རིག་དངོས་སྲུང་སྐྱོབ་ལས་གཞི་གལ་ཆེན་ལག་ལེན་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན། མཚོ་སྔོན་གྱི་མིང་རྒྱལ་རབས་ཀྱི་མཁར་རྙིང་སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། ཏུའུ་ལན་ཆུ་ཁོལ་ཞང་གི་བང་སོའི་གནའ་རྫས་རྟོག་ཞིབ་དང་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། གསར་བརྗེའི་རིག་དངོས་ཐོན་ཁུངས་ཡོངས་ཁྱབ་ཐོ་འགོད་བྱེད་པ། རང་ཞིང་གི་གསར་བརྗེའི་རིག་དངོས་མིང་ཐོ་ཡོངས་བསྒྲགས་བྱེད་པ་སོགས་ཡོད།

འཆར་འགོད་གལ་ཆེན་གྱི་ལེ་ལག་ཚང་བའི་བྱེད་ཐབས་དོན་འཁྱོལ་བྱས་ནས། རིག་དངོས་སྲུང་སྐྱོབ་ལས་གཞི་གལ་ཆེན་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་བའི་ཐད། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་རྨ་ཆུའི་བཞུར་རྒྱུད་ཀྱི་ རིག་གནས་རྗེས་ཤུལ་སྲུང་སྐྱོབ་ལས་དོན་སྤེལ་རྒྱུ་རེད། རང་རེའི་ཞིང་ཆེན་གྱི་རྨ་ཆུའི་བཞུར་རྒྱུད་ཀྱི་རིག་དངོས་ཐོན་ཁུངས་ཡོངས་བཤེར་ལས་དོན་ཡག་པོ་སྒྲུབ་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུ་འི་བཞུར་རྒྱུད་ཀྱི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད》བཟོ་བ། རྒྱལ་ཁབ་རིག་དངོས་ཅུའུ་ཡི《རྨ་ཆུའི་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དོན་འཆར་འགོད》སོགས་ནང་ཧུར་ཐག་ཞུགས་ནས། རྨ་ཆུའི་བཞུར་རྒྱུད་ཀྱི་གཙོ་གནད་རིག་དངོས་ཚན་པ་སྲུང་སྐྱོབ་དང་བེད་སྤྱོད་ལས་དོན་ལ་རིམ་བཞིན་སྐུལ་འདེད་གཏོང་དགོས། མཚོ་སྔོན་གྱི་མིང་རྒྱལ་རབས་དུས་ཀྱི་མཁར་རྙིང་སྲུང་སྐྱོབ་བེད་སྤྱོད་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་དགོས། མཚོ་སྔོན་ཞིང་ཆེན་དེ་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོ་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ཚོད་ལྟའི་ཞིང་ཆེན་གྱི་ཁོངས་སུ་བཅུག་སྟེ། མཚོ་སྔོན་གྱི་མིང་རྒྱལ་རབས་དུས་ཀྱི་མཁར་རྙིང་ལ་ སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། 《ཆུ་ཁོལ་ཞང་གི་བང་སོའི་གནའ་རྫས་རྟོག་ཞིབ་དང་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་རྟེན་གཞི་མཉམ་དུ་སྐྲུན་པའི་སྒྲོམ་གཞིའི་གྲོས་མཐུན》དོན་འཁྱོལ་ཡག་པོ་བྱེད་དགོས། ཆུ་ཁོལ་ཞང་གི་བང་སོའི་གནའ་རྫས་རྟོག་ཞིབ་དང་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཆུ་ཁོལ་ཞང་གི་བང་སོའི་གནའ་རྫས་རྟོག་ཞིབ་དངཞིབ་འཇུག སྲུང་སྐྱོབ་བཅས་ཀྱི་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་གནའ་རྫས་རྟོག་ཞིབ་རྗེས་ཤུལ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། “རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་དཔེ་སྟོན་ཁུལ”བསྐྲུན་རྒྱུར་འབད་འབུངས་བྱེད་རྒྱུ་རེད།

མདོར་ན་ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་རིག་དངོས་བདེ་འཇགས་ལས་དོན་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་། ལས་གཞིའི་སྟ་གོན་དང་གཙོ་གནད་རིག་དངོས་སྲུང་སྐྱོབ་བཟོ་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ། རིག་དངོས་སྲུང་སྐྱོབ་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ། རྟེན་རྫས་བཤམས་སྟོན་ཁང་གི་འགྲེམས་སྟོན་ཆུ་ཚད་དང་སྤྱི་ཚོགས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། རིག་དངོས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་བྱ་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།