མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་གསུམ་གྱིས་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་པའི་བྱ་བར་བཀོད་སྒྲིག་བྱས།
2020.04.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་བཅས་ཀྱིས་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་པའི་བྱ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་པར་སྐྲུན་འགྲེམ་སྤེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་ཕྱིར་ཕ་ཡུལ་དུ་ལོག་པའི་མི་སྣའི་ལས་སྐྲུན་བྱ་བར་བཀོད་སྒྲིག་བྱས་པ་དང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་ལས་ཐོན་སླར་གསོར་རྒྱབ་སྐྱོར་བྱས།

བྱེད་ཐབས་ནང་ཕྱིར་ཕ་ཡུལ་དུ་ལོག་པའི་ལས་སྐྲུན་མི་སྣ་ལས་རང་ཞིང་གི་ཐོབ་ཐང་ལག་ཁྱེར་དང་ཡང་ན་གནས་བཅའ་དཔང་ཡིག་ཡོད་པ་མ་ཟད། ཆ་རྐྱེན་དང་མཐུན་པའི་དང་མི་སྣ་ཡོངས་ཀྱིས་ལས་སྐྲུན་ཁ་གསབ་དངུལ་དང་ལས་སྐྲུན་བྱ་དགའ། ལས་སྐྲུན་དངུལ་བུན་སོགས་སྲིད་ཇུས་ལོངས་སྤྱོད་བྱས་ཆོག་པ་དང་། ཕྱིར་ཕ་ཡུལ་དུ་ལོག་པའི་ལས་སྐྲུན་མི་ཚོགས་ལ་ཁྱེད་ཀྱི་ཁེ་ལས་བསྒྲུབ་པ་དང་། ཁྱེད་ཀྱི་ཁེ་ལས་ལེགས་བསྒྱུར་བྱེད་པ། ལས་སྐྲུན་དང་རྩལ་ནུས་སོགས་ཁྱད་ལྡན་གསོ་སྦྱོང་ལས་གཞི་བཀོད་སྒྲིག་བྱས་ཏེ། ལས་སྐྲུན་གོ་རིམ་ཁྲོད་ཀྱི་ཚོང་གཉེར་བྱེད་དཀའ་བ་དང་དོ་དམ་བྱེད་དཀའ་བའི་གནད་དོན་ཐག་གཅོད་པ། ཆ་རྐྱེན་དང་མཐུན་པའི་ཕྱིར་ཕ་ཡུལ་དུ་ལོག་པའི་ལས་སྐྲུན་ཁེ་ལས་ཀྱིས་དུས་རིམ་རང་བཞིན་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ལས་རྐང་གཏན་འཇགས་གཏོང་བ། སྤྱི་ཚོགས་ཉེན་སྲུང་མེད་པར་བཟོ་བ། ལས་ཀ་ཁྲོད་ཀྱི་རྨས་སྐྱོན་དང་ལས་ཤོར་ཉེན་སྲུང་གྲོན་དངུལ་ཇེ་དམའ་རུ་གཏོང་བ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ། ཕྱིར་ཕ་ཡུལ་དུ་ལོག་པའི་ལས་སྐྲུན་ཁེ་ལས་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་ཤེས་བྱ་བརྗེ་སྤོར་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། ཤེས་ལྡན་མི་སྣ་ནང་འགུག་བྱེད་པར་སྐུལ་སློང་བཏང་སྟེ། ཁེ་ལས་ཀྱིས་ནང་འདྲེན་བྱས་པའི་ཤེས་ལྡན་མི་སྣའི་རིམ་སྤོར་དང་འཚོ་བའི་ས་སྡེབས་ཞབས་ཞུ་སོགས་ཐོབ་ཐང་འདོན་སྤྲོད་བྱེད་དགོས་ཞེས་བསྟན་ཡོད།