མཚོ་སྔོན་ཞིང་ཆེན་གྱི་སྲིད་ཏང་མགོ་ཁྲིད་ལས་བྱེད་པའི་དམངས་གཙོའི་མཚམས་སྦྱོར་བྱེད་ཐབས་ཐོག་མ་བཏོན། 
2020.04.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 78

སྔར་ལས་ལྷག་པའི་སྒོ་ནས་ལས་བྱེད་པའི་འདེམ་བསྐོའི་ཁྲོད་ཀྱི་དམངས་གཙོའི་མཚམས་སྦྱོར་བྱ་བ་ཚད་ལྡན་དང་འཐུས་ཚང་དུ་གཏོང་བ་དང་། དམངས་གཙོའི་མཚམས་སྦྱོར་བྱ་བའི་ཚན་རིག་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་ཆེད། ཉེ་སྔོན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་སྲིད་ཏང་མགོ་ཁྲིད་ལས་བྱེད་པའི་དམངས་གཙོའི་མཚམས་སྦྱོར་བྱ་བའི་གནས་སྐབས་ལག་བསྟར་བྱེད་ཐབས་གཏན་འབེབས་བྱས་ཏེ་ཁྱབ་སྒྲོག་བྱས། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་སྲིད་ཏང་མགོ་ཁྲིད་ལས་བྱེད་པའི་དམངས་གཙོའི་མཚམས་སྦྱོར་བྱེད་ཐབས་ཐོག་མ་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། བྱེད་ཐབས་དེ་དམིགས་བསལ་གྱི་བསྐོ་འཇོག་དང་ཐིན་རིམ་པའི་མན་དང་ཁི་རིམ་པའི་ཡན་གྱི་སྲིད་ཏང་མགོ་ཁྲིད་ལས་བྱེད་པའི་དམངས་གཙོའི་མཚམས་སྦྱོར་བྱ་བར་བཀོད་པར་འཚམ་པ་དང་། ལས་རིམ་འཕར་བའི་གཞུང་ཞབས་པ་དང་ལས་དོན་སྡེ་ཁག་གི་མགོ་ཁྲིད་ལས་བྱེད་པ་བསྐོ་འཇོག་མ་བྱས་གོང་དམངས་གཙོའི་མཚམས་སྦྱོར་བྱེད་ན་བྱེད་ཐབས་འདི་ལྟར་ལག་བསྟར་བྱེད་དགོས། བྱེད་ཐབས་དེ་ལས་སྔར་ལས་ལྷག་པའི་སྒོ་ནས་དམངས་གཙོའི་མཚམས་སྦྱོར་ཚད་དུ་གཏོང་བར་བྱ་བའི་ཇུས་གཞི་གཏན་འབེབས་བྱེད་པ་དང་། འབྲེལ་འདྲིས་གནས་ཚུལ། ཁ་བརྡའི་རྟོག་ཞིབ་མཚམས་སྦྱོར། གྲོས་ཚོགས་ནས་མཚམས་སྦྱོར་བྱེད་པའི་འདེམ་སྒུག་མི་སྣའི་མིང་འདོན། གྲོས་ཚོགས་ཀྱི་མཚམས་སྦྱོར། ཕྱོགས་བསྡུས་དབྱེ་ཞིབ། གནས་ཚུལ་སྙན་ཞུ་བཅས་ལས་རིམ་བདུན་བརྒྱུད་དགོས། དེའི་ཞོར་དུ་བྱེད་ཐབས་ལས་དམངས་གཙོའི་མཚམས་སྦྱོར་བྱ་བར་མི་རུང་བ་བཞིའི་སྒྲིག་ལམ་རེ་བ་བཏོན་ཡོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།