མགོ་ལོག་ཁུལ་གྱིས་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་གི་ཆེད་དོན་ལེགས་སྒྲིག་བྱ་བ་སྤེལ་འགོ་བརྩམས།
2020.04.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཉིས་སྟོང་ཉི་ཤུ་ལོ་ནི་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་གི་ཆེད་དོན་ལེགས་སྒྲིག་གི་ལོ་གསུམ་ལག་ལེན་འཆར་གཞིའི་མཇུག་བསྡུའི་ལོ་ཞིག་ཡིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་ཅུའུ་ཡིས་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ་དང་། ཆེད་དོན་བཅོས་སྒྲིག་ལས་དོན་ལ་གནས་པའི་གནད་དོན་དག་ཐེར་དོན་འཁྱོལ་བྱ་རྒྱུར་དམིགས་པ། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་གི་ཆེད་དོན་བཅོས་སྒྲིག་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་གི་དམངས་ཕན་སྲིད་ཇུས་དོན་འཁྱོལ་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས།དམངས་འཚོའི་མ་དངུལ་གྱིས་དམངས་ལ་ཕན་ཁེ་བསྐྲུན་པ་དང་དབུལ་ཐར་མཁྲེགས་གཏོར་ཁྲོད་ནས་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ནུས་པ་འདོན་སྤེལ་དོན་ལྡན་བྱས།

མགོ་ལོག་ཁུལ་གྱིས《མགོ་ལོག་ཁུལ་གྱི་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་གི་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་ལག་བསྟར་ཇུས་གཞིའི་བརྡ་ཐོ》ཞེས་པ་དུས་ཐོག་ཏུ་སྤེལ་ནས། རྫོང་ཁག་སོ་སོས་ཆེས་དབུལ་བོའི་ས་ཁུལ་ལ་སྔར་ལས་དོ་ཁུར་བྱེད་པ་དང་སྤྱི་ཚོགས་རོགས་སྐྱོབ་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། དབུལ་ཐར་གྱི་ཚད་གཞི་བརྟན་པོ་མིན་པའི་ཁྱིམ་ཚང་དང་ཡང་བསྐྱར་དབུལ་པོར་གྱུར་བའི་མིའི་གྲངས་འབོར་ལ་གཙང་བཤེར་དང་ཡོ་བསྲང་བྱེད་དགོས་པའི་བླང་བྱ་བཏོན། ས་གནས་སོ་སོས་གཏན་འབེབས་ལྟར་དབུལ་པོ་ཆགས་པ་དང་ཡང་བསྐྱར་དབུལ་པོར་འགྱུར་ཉེན་ཡོད་པའི་མི་འབོར་གནས་སྐབས་ཀྱི་རོགས་སྐྱོབ་ཁྱབ་ཁོངས་ནང་བཅུག་སྟེ། གནད་དོན་གཙང་བཤེར་ཡོ་བསྲང་བྱས་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་ཞབས་ཞུ་དོན་འཁྱོལ་ཡག་པོ་མ་བྱུང་བའི་གནད་དོན་གཙང་བཤེར་ཡོ་བསྲང་བྱས་པ། ས་གནས་ཁག་གིས་གཅིག་སྡུད་བསྙེན་བཀུར་གྱི་དགོས་མཁོ་དུས་ཐོག་ཏུ་སྐོང་བ་དང་། རིམས་ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་པོ་ཆགས་པ། རིམས་ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་པོར་གྱུར་བའི་མ་མཐའི་འཚོ་བའི་འགན་སྲུང་སྲིད་ཇུས་དངོས་འབེབས་དོན་འཁྱོལ་སོགས་ཀྱི་གནད་དོན་གཙོ་བོ་བཅུ་གཅིག་ལ་གཙང་བཤེར་ཡོ་བསྲང་དོན་ལྡན་བྱས་ཡོད་མེད་ཐད་ཞིབ་བཤེར་བྱས། 

བན་དེ་སྐྱབས་ཀྱིས་བསྒྱུར།