རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་གསུམ་བཏང་ནས་མཚོ་སྔོན་ཞིང་ཆེན་གྱི་བཞུར་རྒྱུན་ས་ཁུངས་གཙོ་བོའི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱས།
2020.04.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ཆུའི་བཞུར་རྒྱུན་ས་ཁུངས་གཙོ་བོའི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་གྱི2020ལོའི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་གསུམ་བཏང་ནས། གཙོ་བོར་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཧེ་ཡན་རྫོང་གི་བཙོག་ཆུ་ཐག་གཅོད་ས་ཚིགས། འཚོ་བའི་གད་སྙིགས་ཐག་གཅོད་བཟོ་གྲྭ བཙོག་ཆུ་ཐག་གཅོད་བཟོ་གྲྭ་ཆུ་རྔའི་བརླན་ས་སོགས་ལས་གཞི་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱས།

ཆུའི་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་པ་དང་། ཆུའི་བཞུར་རྒྱུན་གཙོ་བོའི་ལྟག་ཆུ་བསྐྱིལ་གསོག་རྩོལ་ནུས་ཇེ་དྲག་ཏུ་གཏོང་བ། བཏུང་ཆུའི་བདེ་འཇགས་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་བ་དང་སྤུས་ལེགས་ཆུའི་བསྡུར་ཚད་ཁ་སྣོན་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཆུའི་བཞུར་རྒྱུན་ས་ཁུངས་གཙོ་བོའི་ཆུའི་ཁོར་ཡུག་སྤུས་ཚད་སྤྱི་ཁོག་ནས་ཇེ་ལེགས་སུ་གཏོང་བ་བཅས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་བཅོས་བསྒྱུར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དང་འབྲེལ་མཐུད་སྙན་ཞུ་བྱས་ཏེ། རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ཆུའི་བཞུར་རྒྱུན་ས་ཁུངས་གཙོ་བོའི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་གཞི་ཐད་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ཆུའི་བཞུར་རྒྱུན་ས་ཁུངས་གཙོ་བོའི་ཆུའི་བཙོག་བཟོ་འགོག་བཅོས་ཀྱི2016ལོ་ནས2020ལོའི་ལག་བསྟར་ཇུས་གཞིའི་རེ་བ་དང་ཟུང་འབྲེལ་བྱས་ནས། ས་ཆ་སོ་སོ་དང་མཉམ་དུ་ལས་གཞིའི་ཡིག་ཐོག་སྙན་ཞུ་ནན་མོར་ཕུལ་བ་དང་། ཞིབ་བཤེར་གྱི་འགག་སྒོ་དམ་སྲུང་བྱས་ལ། དུས་ཐོག་ཏུ་བསམ་འཆར་དང་འཆར་གཞི་ཡར་སྤྲོད་བྱས། མིག་སྔར། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་དངུལ་གཏོང་འཆར་གཞིའི་ལས་བགོ་དངུལ་སྟེར་བྱ་བ་ཡོངས་འགྲུབ་བྱས་པ་དང་། གོ་རིམ་རྗེས་མར་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལས་གཞི་ལག་བསྟར་གནས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། གོ་རིམ་ལྡན་པའི་སྒོ་ནས་ལས་གཞི་འཛུགས་སྐྲུན་བྱས་ཏེ། སྔ་མོ་ནས་དངུལ་གཏོང་ཕན་འབྲས་འདོན་སྤེལ་བྱེད་པར་ཁག་ཐེག་བྱེད་རྒྱུ་རེད།