རྨ་ལྷོ་ཁུལ་གྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་སྐུལ་འདེད་བཏང་།
2020.04.13 ཁུངས། ཀློག་གྲངས། 53

ད་ལོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཉམས་ཞན་དང་སྒྲིག་ལམ་མེད་པའི་གཞི་རིམ་ཏང་རྩ་འཛུགས་ཀྱི་བྱ་བར་ཕྱོགས་བསྡུས་ཀྱིས་དག་ཐེར་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་རྒྱུ་སྤུས་མཐོར་འདེགས་དང་སྐུལ་འདེད་བཏང་།

བོད་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་དཔེ་སྟོན་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་ཆེད། རྨ་ལྷོ་ཁུལ་གྱིས་ཁུལ་རིམ་པའི་ལས་བྱེད་པས་ཞང་དང་གྲོང་བརྡལ་དང་རྫོང་རིམ་པའི་ལས་བྱེད་པས་སྡེ་བ་རིམ་པར་མཉམ་འབྲེལ་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ་ཚད་གཞི་མཐོ་བའི་བཅུ་འཛོམས་སྡེ་བ་རིམ་པའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་གོ་བདུན་དང་རྗེས་གྲབས་སྡེ་བའི་ལས་བྱེད་པ་སྟོང་གཉིས་དང་བརྒྱད་བརྒྱ་རེ་དྲུག་སྐྱེད་སྲིང་བྱས།

ཉམས་ཞན་དང་སྒྲིག་ལམ་མེད་པའི་སྡེ་བའི་ཏང་རྩ་འཛུགས་དག་ཐེར་བྱེད་པ་གཙོ་གནད་དུ་བཟུང་སྟེ་ཏང་འཛུགས་སྣེ་ཁྲིད་པ་དྲུག་བརྒྱ་གྱ་བརྒྱད་མངགས་ཏེ་འགན་ཁུར་ཐུབ་མེད་པའི་སྡེ་བའི་ཏང་རྩ་འཛུགས་ཧྲུའུ་ཅི་ལ་དག་ཐེར་བྱས་ཏེ་རྣམ་གྲངས་ཅན་གྱི་ཏང་འཛུགས་དངོས་འབེབ་བྱས།