གཅིག་སྒྲིལ་རྫོང་གིས་ཡིག་ཆ་དང་པོའི་དགོངས་དོན་བརྒྱུད་བསྒྲག་བྱས།
2020.04.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཉིན་བཞི་བཅུ་ལྷག་གི་རིང་ལ་སྒྲུབ་པའི་འབྱོར་འབྲིང་བསུ་བ་དང་དབུལ་ཐར་བརྟན་འཇགས་སོགས་བརྗོད་དོན་ཡིན་པའི་ལས་བྱེད་པ་གཞི་རིམ་ལ་བསྐྱོད་པའི་བྱ་འགུལ་ཁྲོད་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་སྡེ་སྡོད་ལས་བྱེད་པ་དང་ཧྲུའུ་ཅི་དང་པོ། དབུལ་སྐྱོར་སྡེ་སྡོད་ལས་བྱེད་མི་སྣ་སྡེ་བ་དང་གཞིས་ཁུལ་ལ་སོང་སྟེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་ནན་ཏན་གྱིས་དྲིལ་སྒྲོག་བྱེད་པ། དབུལ་ཐར་མཁྲེགས་གཏོར་དང་ཞིང་གྲོང་དར་རྒྱས། ཞིང་གྲོང་མི་སྡོད་ཁོར་ཡུག་ལེགས་བཅོས། ཞིང་ཕྱུགས་ལས་ཐོན་སྐྱེད་འཕེལ་རྒྱས། རོང་འབྲོག་ཁུལ་བཅོས་སྒྱུར་སོགས་ཀྱི་བྱེད་ཐབས་སྡེ་བ་དང་ཁྱིམ་ཚང་སོགས་ལ་དྲིལ་སྒྲོག་བྱས་ཏེ་རིམ་པ་སོ་སོའི་བྱ་བའི་འཕེལ་རྒྱས་ལ་རྨང་གཞི་ལེགས་པོ་བཏང་།

གཅིག་སྒྲིལ་རྫོང་གིས་ ཞིང་དང་གྲོང་བརྡལ་དང་རྫོང་རིམ་པའི་ལས་ཁུངས་ལས་ཧྲུའུ་ཅི་དང་པོ་སོགས་ལས་བྱེད་པ་བརྒྱ་དང་ང་དྲུག་བདམངས་ཏེ་བར་འདུམ་ཚན་ཆུང་དང་ལྟ་སྐུལ་ཚན་ཆུང་། དྲིལ་སྒྲོག་ཚན་ཆུང་། ཞང་དང་གྲོང་བརྡལ་དྲུག་གི་སྣེ་ཁྲིད་ཚན་ཆུང་སོགས་གྲུབ་པར་བྱས།  དུས་མཉམ་དུ་དར་དམར་དྲིལ་སྒྲོག་ཚན་ཆུང་དང་རྟ་ཞོན་དྲིལ་སྒྲོག་ཚན་ཆུང་། ཁྱིམ་ཚང་བཅུའི་ཚན་གཙོ་སོགས་ཀྱི་གཞི་རིམ་དྲིལ་སྒྲོག་བྱེད་ཐབས་ལ་ཤུགས་སྣོན་བྱས་ཏེ་སྲིད་འཛིན་སྡེ་བའི་དྲིལ་སྒྲོག་བྱེད་ཐབས་ཁྱོན་ཡོངས་སུ་ཁེབས་པར་བྱས།

གཅིག་སྒྲིག་རྫོང་གིས་མཉམ་འབྲེལ་དྲ་རྒྱའི་བྱེད་ཐབས་སྤྱད་དེ་སྟོབས་ལྡན་རྒྱལ་ཁབ་དང་ཏང་འཛུགས་གཅིག་སྒྲིལ། གཅིག་སྒྲིག་རྫོང་བརྙན་འཕྲིན་ཁང་སོགས་ཀྱི་འཕྲིན་སྟེགས་བརྒྱུད་དེ་རིམས་ནད་སྔོན་འགོག་དང་ལས་ཐོན་སླར་གསོ། དབུལ་ཐར་མཁྲེགས་གཏོར། ཞིང་གྲོང་འཕེལ་རྒྱས། ཁུལ་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་རྫོང་འཛུགས་སྐྲུན། ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་འཕེལ་རྒྱས་སོགས་ཀྱི་འཛུགས་སྐྲུན་བྱ་བར་གྲུབ་འབྲས་བླངས་ཏེ་རྫོང་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་ལ་བཏང་།