མཚོ་སྔོན་ཞིང་ཆེན་གྱིས་ཧ་ཅང་དབུལ་ཕོངས་ཁྱོན་ཡོངས་ནས་མེད་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས།
2020.04.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིན་ཧི་སོགས་རྫོང་དང་ཆུའུ་བཅུ་བདུན་རྒྱལ་ཁབ་ཀྱི་དབུལ་ཕོངས་རྫོང་ལས་ཕྱིར་འབུད་པའི་ཚད་གཞི་ལ་སླེབས་ནས། དངོས་སུ་དབུལ་ཕོངས་ཀྱི་ཞྭ་མོ་ཕུད། མིག་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་གྱི་རྫོང་ཞེ་གཉིས་ཡོངས་རྫོགས་དབུལ་ཕོངས་རྫོང་གི་རིམ་པ་ལས་ཕྱིར་བུད།

དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་ཆེད། མཚོ་སྔོན་ཞིང་ཆེན་ས་ཆ་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དབུལ་ཐར་མཁྲེགས་གཏོར་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། གནད་ཕིགས་ཇུས་གཞི་རྒྱུན་འཁྱོངས་བྱས་ལ། མཁྲེགས་གཏོར་འབུར་ཐོན་བྱས་པ་དང་དམངས་ཚིས་འགན་སྲུང་ཇེ་དྲག་ཏུ་བཏང་བ་དང་། ཞན་ཆ་ཁ་གསབ་བྱས་ཏེ། དངོས་གནས་དབུལ་ཐར་བྱེད་པ་དང་ཡང་བསྐྱར་དབུལ་བོར་མི་འགྱུར་བའི་སྟེང་ཤུགས་བཏོན་པ་དང་གྲུབ་འབྲས་བླངས། 2017ལོར། མཚོ་སྔོན་ཞིང་ཆེན་གྱི་ཏུའུ་ལན་རྫོང་དང་ཐུན་ཏེ་རྫོང་། ཧི་ནན་སོག་རིགས་བོད་རིགས་རང་སྐྱོང་རྫོང་བཅས་རྫོང་གསུམ་གྱིས་ཐོག་མར་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་དང་། 2018ལོར། མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་འབད་འཐབ་བྱས་ཏེ། ཕེན་ཨན་ཆུའུ་དང་ཞོན་ཧྭ་ཟ་ལས་རིགས་རང་སྐྱོང་རྫོང་རྐང་ཚ་རྫོང་། ན་གོར་མོ་གྲོང་ཁྱེར། གཏེར་ལེན་ཁ་གྲོང་ཁྱེར། ཝུའུ་ལན་རྫོང་། ཐེམ་ཆེན་རྫོང་བཅས་གྲོང་ཁྱེར་དང་ཆུའུ་དང་རྫོང་བདུན་གྱིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད། 2019ལོར། ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དང་ཧོང་ཀྲུང་རྫོང་། སྟོང་སྐོར་རྫོང་། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་། ཆི་ལེན་རྫོང་། མདའ་བཞི་རྫོང་། ཞིན་ཧེ་རྫོང་། ཀོས་ནན་རྫོང་། ཡུས་ཧྲུའུ་གྲོང་ཁྱེར། ཁྲི་འདུ་རྫོང་། རྨ་སྟོད་རྫོང་བཅས་རྫོང་དང་གྲོང་ཁྱེར་བཅུ་གཉིས་དབུལ་ཕོངས་རྫོང་གི་རིམ་པ་ལས་ཕྱིར་བུད། ད་ལོར། མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དང་ལི་ཏུའུ་ཆུའུ། དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་། གུང་ཧོ་རྫོང་། ཁྲི་ཀ་རྫོང་། ནང་ཆེན་རྫོང་། འབྲི་སྟོད་རྫོང་། རྫ་སྟོད་རྫོང་། ཆུ་དམར་ལེབ་རྫོང་། རྨ་ཆེན་རྫོང་། པད་མ་རྫོང་། གཅིག་སྒྲིལ་རྫོང་། དགའ་བདེ་རྫོང་། དར་ལག་རྫོང་། ཐུན་རིན་རྫོང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་བཅས་རྫོང་དང་ཆུའུ་བཅུ་བདུན་དབུལ་ཕོངས་རྫོང་གི་རིམ་པ་ལས་ཕྱིར་བུད། མིག་སྔའི་བར་དུ། གཅིག་བསྡུས་མཁྲེགས་གཏོར་བྱས་པ་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང་དང་གྲོང་ཁྱེར། སྲིད་འཛིན་ཨུ་ཡོན་ལྷན་ཁང་ཞེ་གཉིས་དང་དབུལ་ཕོངས་སྡེ་བ་སྟོང་གཅིག་དང་དྲུག་བརྒྱ་ཉེར་གཉིས། དབུལ་ཕོངས་མི་གྲངས་འབུམ་ལྔ་དང་ཁྲི་གསུམ་སྟོང་དགུ་ཡོངས་རྫོགས་དབུལ་ཐར་བྱས་ནས་དབུལ་ཕོངས་རིམ་པ་ལས་ཕྱིར་བུད་དེ། དབུལ་ཕོངས་ཁྱོན་ཡོངས་ནས་མེད་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས།

རྗེས་ཕྱོགས། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་མུ་མཐུད་དུ་མཁྲེགས་གཏོར་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། དབུལ་ཕོངས་ཞྭ་མོ་ཕུད་རྗེས་ལྷོད་གཡེང་སྒྱུད་ལུག་བྱེད་པར་བཀག་འགོག་བྱེད་པ། དབུལ་ཕོངས་རྫོང་གི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཀྱང་འགན་འཁྲི་མི་དོར་བ་དང་ཞྭ་མོ་ཕུད་ཀྱང་སྲིད་ཇུས་མི་དོར་བ། ཞྭ་མོ་ཕུད་ཀྱང་རོགས་སྐྱོར་གྱི་རྒྱུན་མ་གཅོད་པ། ཞྭ་མོ་ཕུད་ཀྱང་མུ་མཐུད་ལྟ་སྐུལ་བྱེད་པའི་རེ་བ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བྱ་བར་དམ་འཛིན་བྱེད་པ། ཁྱད་ལྡན་ཐོན་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་གཞན་གནས་སྤོར་གྱི་རྗེས་མཐུད་རོགས་སྐྱོར་བྱ་བར་ཤུགས་སྣོན་པ། འཛད་སྤྱོད་དབུལ་སྐྱོར་གཏིང་ཟབ་ཏུ་སྤེལ་བ། མཁྲེགས་གཏོར་གྱི་མཉམ་ཤུགས་གཅིག་ཏུ་བསྡུ་བ། སྤྱོད་ཚུལ་འགན་སྲུང་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། མཁྲེགས་གཏོར་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་རེད།