མགོ་ལོག་ཁུལ་གྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་མགོ་བརྩམས།
2020.05.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

འཛད་སྤྱོད་ཡིད་ཆེས་ཆེ་རུ་གཏོང་བ་དང་མཛད་སྤྱོད་སྐུལ་འདེད་མཐོར་འདེགས། ཚོང་དོན་འཁོར་རྒྱུག་ཁེ་ལས་ཕྱོགས་ཡོངས་ནས་སླར་གསོ་ཡོང་ཆེད།ཟླ་བཞི་བའི་ཚེས་སུམ་ཅུ་ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་སྲིད་གཞུང་གིས་སྟེགས་བུ་བསྐྲུན་ནས་ཁེ་ལས་མཉམ་འགུལ་གྱི་བྱེད་ཐབས་ལྟར།འཛད་སྤྱོད་རྒྱ་བསྐྱེད་དང་བརྟན་འཇགས་འཕར་སྣོན་དམིགས་འབེན་བྱས་ཏེ།ཉིས་སྟོང་ཉི་ཤུ་ལོའི་འཛད་སྤྱོད་སྐུལ་འདེད་ཀྱི་མུ་འབྲེལ་བྱ་འགུལ་སྤེལ་མགོ་བརྩམས།གཙོ་བོ་ཁུལ་ཡོངས་མཉམ་འགུལ་དང་རིག་གནས་ཡུལ་སྐོར།ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་སྡེ་ཁག་གིས་སིལ་འཚོང་དང་སྡོད་གནས།ཟ་ཁང་སོགས་ལས་རིགས་ཀྱི་འཛད་སྤྱོད་དངོས་རྫས་གཙོ་བོའི་སྐོར། ལྔ་གཅིག་དུས་ཆེན་དང་ལྔ་བའི་ཚེས་ལྔའི་དུས་ཆེན།ཟླ་མཆོད་དུས་ཆེན།ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་སོགས་འཛད་སྤྱོད་དུས་སྐབས་གལ་ཆེན་དམིགས་སུ་བཟུང་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་རྒྱུ་དང་།འཛད་སྤྱོད་མཐོ་རླབས་སློང་བ་དང་འཛད་སྤྱོད་གཏིང་ཤུགས་བསློག་ནས་འཛད་སྤྱོད་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་རྒྱུ་རེད།

བྱ་འགུལ་ཡུལ་དངོས་སུ།མགོ་ལོག་ཁུལ་ཚོང་དོན་མ་ལག་གིས་ཚོང་ལས་འཁོར་རྒྱུག་ཁེ་ལས་མང་པོ་རྩ་འཛུགས་བྱས་ཏེ་དུས་མཉམ་དུ་ལྔ་གཅིག་དུས་སྐབས་ཀྱི་འཛད་སྤྱོད་སྐུལ་འདེད་བྱ་འགུལ་སྤེལ། མགོ་ལོག་དུས་རབས་ཀྲུང་ཧྭ་མཉམ་འབྲེལ་ཉོ་ཚོང་ཚད་ཡོད་འགན་ལེན་ཀུང་སི་སོགས་ཚོང་ལས་འཁོར་རྒྱུག་ཁེ་ལས་བཅུ་བཞི་ལྷག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་རྣམ་པ་མི་འདྲ་བའི་འཛད་སྤྱོད་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ། དེ་དང་མཉམ་དུ།མགོ་ལོག་ཁུལ་ཚོང་དོན་སྡེ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དུས་ཆེན་སྐབས་ཀྱི་མཁོ་དངོས་ཁྲོམ་རའི་འདོན་སྤྲོད་བྱེད་པ་དང་ཚོང་གཉེར་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་རྒྱུ་རེད།

ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད།འཛད་སྤྱོད་གཏིང་ཤུགས་སྔོག་འདོན་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་།ཚོང་གཉེར་རྣམ་པ་གསར་བཏོད་བྱེད་པ།འཛད་སྤྱོད་གདམ་ག་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། འཛད་སྤྱོད་གཏིང་ཤུགས་གློད་པ་དང་འཛད་སྤྱོད་ཕྱིར་གསབ་ཕན་འབྲས་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་།མང་ཚོགས་ཀྱི་སྣེ་ཁྲིད་ནས་འགོག་སྲུང་བྱ་བ་བཟང་བོར་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག རིམ་པ་བཞིན་རྒྱུན་ལྡན་གྱི་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པ་དང་།དཔལ་འབྱོར་བདེ་ཐང་འཕེལ་རྒྱས་མངོན་འགྱུར་བྱེད་པར་ནུས་པ་བླ་ལྷག་བཏོན།