གསར་དུ་བཟོ་བཅོས་བྱས་པའི་གཞུང་ཞབས་པའི་བཅའ་ཁྲིམས་ལག་བསྟར་བྱས་ནས་ལོ་འཁོར་གཅིག་ལོན་པའི་སྐབས་སུ། གསར་དུ་བཟོ་བཅོས་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་བཅའ་ཁྲིམས་དང་ཆ་སྡེབས་སྲིད་ཇུས་ཁྲིམས་སྲོལ་མཚོ་སྔོན་ཞིང་ཆེན་ནས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་པ་དང་། དུས་ཐོག་ཏུ་ཕྱོགས་རེས་རང་བཞིན་གྱི་གནད་དོན་འཚོལ་བ་དང་ཡོ་བསྲུང་བྱེད་པ། ཞིབ་བཤེར་ལ་བརྟེན་ནས་ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་ལྟ་སྐུལ་ལ་བརྟེན་ནས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བརྡ་སྦྱོར་འགྲེམ་སྤེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་གཞུང་ཞབས་པའི་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་བཀོད་སྒྲིག་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ལྟ་སྐུལ་ཞིབ་བཤེར་གྱི་ནང་དོན་ཐད་ནས་ཧ་ལམ་གཞུང་ཞབས་པའི་བྱ་བའི་གོ་རིམ་ཧྲིལ་བོའི་ཕྱོགས་སོ་སོ་འདུ་ལ། གཙོ་བོར་སྤྱི་ཚོགས་དང་གཞུང་ཞབས་པའི་མི་ཚོགས་ཀྱིས་ཧ་ཅང་མཐོང་ཆེན་བྱེད་པའི་གཞུང་ཞབས་པའི་ལས་གནས་དང་ལས་རིམ་མཉམ་སྤྱོད་ལམ་ལུགས་ལག་བསྟར་བྱས་པའི་གནས་ཚུལ་དང་། གཞུང་ཞབས་པའི་རྒྱུགས་ལེན་མི་བསྡུ་དང་བརྗེ་རེས། ཐོ་འགོད། གསོ་སྦྱོང་། ཆ་འཕྲིན་བསྡོམས་རྩིས། དཔྱད་ཞིབ་དང་བྱ་དགའ་ཆད་གཅོད། སྐུལ་སློང་དང་ལས་ཁུར་དགོངས་ཞུ། ལས་འཁྱུར་ངལ་གསོ་སོགས་འདེམ་གསོ་སྡོམ་སྤྱོད་ཀྱི་གོ་རིམ་ཧྲིལ་བོའི་བྱ་བ་སྤེལ་བའི་གནས་ཚུལ་བཅས་ལ་ལྟ་སྐུལ་ཞིབ་བཤེར་རྒྱུ་དེ་ཡིན། ལྟ་ཞིབ་ཐད་ནས་ལས་ཁུངས་ཀྱི་རང་ཉིད་ལ་ཞིབ་བཤེར་བྱེད་པ་དང་གཙོར་བཟུང་ནས་ཞིབ་བཤེར་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ། གདེང་འཇོག་དང་ལྟ་ཞིབ་གཉིས་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ་ཞིབ་བཤེར་བྱས་ནས། ལྟ་སྐུལ་ཞིབ་བཤེར་ཐད་ནས་ཕན་འབྲས་ལེན་པར་ཁག་ཐེག་བྱེད་རྒྱུ་རེད།
ཞིབ་བཤེར་མཇུག་རྫོགས་རྗེས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་འབུར་ཐོན་གནད་དོན་ལ་ཁ་གཏད་དེ་གོ་ཆོད་པའི་བྱེད་ཐབས་སྤྱད་དེ། རྒྱུན་མཐུད་ངང་དག་ཐེར་ལེགས་བཅོས་བྱེད་པ་དང་མཐོར་འདེགས་གཏོང་བ་དང་། བྱ་བའི་རྨང་གཞི་བརྟན་པོ་བཏིངས་ནས། ཞིང་ཆེན་ཡོངས་ཀྱི་གཞུང་ཞབས་པའི་བྱ་བ་ཚན་རིག་ཅན་དང་བཅའ་ཁྲིམས་ཅན། ཚད་ལྡན་ཅན་དུ་བསྒྱུར་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་རྒྱུ་རེད།