གཞུང་ལམ་སྡེ་ཁག་གིས་སྟོབས་ཤུགས་ཡོད་རྒུས་གུང་གསེང་སྐབས་ཀྱི་མང་ཚོགས་ཀྱི་ཕྱོགས་བསྐྱོད་ལ་འགན་སྲུང་བྱས།
2020.05.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ད་ལོའི་ལྔ་གཅིག་དུས་ཆེན་གྱི་གུང་གསེང་གི་དུས་ཡུན་རིང་བ་དང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གནས་སྐོར་ཐད་ནས་གཙོ་བོར་ཞིང་ཆེན་ནང་ཁུལ་གྱི་གནས་སྐོར་དང་མཐའ་འཁོར་གནས་སྐོར་གཙོ་བྱས་པའི་ཁྱད་ཆོས་ལ་ཁ་གཏད་དེ། མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུའུ་ཡིས་ལྔ་གཅིག་དུས་ཆེན་སྐབས་ཀྱི་གཞུང་ལམ་ཤར་བགྲོད་འགན་སྲུང་བྱ་བར་བཀོད་སྒྲིག་ནན་མོ་བྱས་ཏེ། ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་དུས་ཆེན་སྐབས་ཀྱི་ཕྱོགས་བགྲོད་ཐད་བདེ་འཇགས་བག་ཕེབས་ཀྱི་གཞུང་ལམ་ཁོར་ཡུག་འདོན་སྤྲོད་བྱས།

གཞུང་ལམ་སྡེ་ཁག་གིས་གཙོ་བོར་མཚོ་སྔོན་པོ་དང་ཚྭ་ཁ་ཚྭ་མཚོ། ཆི་ལེན་རི་བོ། ཁམས་ར་སོགས་གནས་སྐོར་ལྗོངས་རྒྱུ་ཁུལ་དུ་བསྐྱོད་པའི་གཞུང་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་གཟར་པོ་དང་ཁུག་ཀྱོག རླངས་འཁོར་དང་མི་ཚོགས་འདུ་སའི་ལམ་མཚམས་གཙོ་བོའི་བདེ་འཇགས་ཉེན་ཁ་ཐག་གཅོད་པ་མ་ཟད། འགྲིམ་འགྲུམ་ཆག་སྒོ་འབྱུང་སླ་བའི་ལམ་མཚམས་དང་ལམ་གཟར་མོའི་འགྲིམ་འགྲུལ་མཚོན་རྟགས་དུས་ཐོག་ཏུ་བརྗེ་སྤོར་བྱས།

གནས་སྐོར་གཞུང་ལམ་ལམ་རྒྱུད་ཀྱི་ལམ་ངོས་ཀྱི་གནོད་པ་མེད་པར་བཟོ་བ་དང་གཞུང་ལམ་གྱི་ཕྱི་ཚུལ་སླར་གསོ་བྱེད་པ། ལམ་ངོས་ཀྱི་གཙང་སྦྲ། འགྱིག་ཤོག་གད་སྙིགས་གཙང་སྦྲ་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་དང་། གཞུང་ལམ་འགྲམ་རྒྱུད་ཀྱི་སྤྱི་ཐུན་གསར་སྤྱོད་དང་རླངས་འཁོར་འདུག་ས། ལྗོངས་རྒྱུ་སྟེགས་བུ། གད་སྙིགས་བླུག་སྒམ་སོགས་ཞབས་ཞུ་སྒྲིག་ཆས་ལ་གཙང་སྦྲ་དང་དུག་སེལ་བྱས་ཏེ། གཞུང་ལམ་འགྲམ་རྒྱུད་ཀྱི་སྤྱི་ཐུན་སྒྲིག་ཆས་ཆ་ཚང་བ་དང་གཙང་དག་བཟང་བོ་བྱས།

ནམ་ཟླའི་འགྱུར་ལྡོག་ལ་དོ་སྣང་བྱེད་པའི་ཞོར་དུ། ཆུ་དང་རྡོ་རུད་སོགས་གཞུང་ལམ་གནོད་འཚེ་འབྱུང་སླ་བ་དང་བྱུང་ཚད་མང་པའི་ལམ་བར་གྱི་ལྟ་རྟོག་དང་སྐོར་ཞིབ་བྱེད་ཤུགས་ཆེར་གཏོང་བ་དང་། སྔོན་དུ་ཤར་བགྲོད་དངོས་ཟོག་ཉར་གསོག་གང་ལེགས་བྱེད་པ། ཉེན་བརྡའི་བྱང་བུ་འཛུགས་པ་བཅས་བྱས་ནས། ཉེན་ཁ་བྱུང་ཚེ་དུས་ཚོད་དང་པོའི་ནང་མྱུར་སྐྱོབ་ཤར་བགྲོད་བྱ་བ་སྤེལ་ཐུབ་པར་ཁག་ཐེག་བྱས།

དེ་ལས་གཞན། དུས་ཆེན་སྐབས་ཀྱི་གཞུང་ལམ་ཉེན་ཁའི་འཕྲལ་བསྟུན་མྱུར་སྐྱོབ་ཇུས་གཞི་ལ་བཟོ་བཅོས་བྱས་པ་དང་། ཐོལ་བྱུང་དོན་རྐྱེན་འཕྲལ་བསྟུན་མྱུར་སྐྱོབ་དཔུང་སྡེ་བཙུགས་ལ། དུས་ཆེན་སྐབས་སུ་འགོ་ཁྲིད་ཀྱི་སྣེ་ཁྲིད་པ་དང་གནད་འགག་ལས་རྐང་ཐད་ནས་དུས་ཚོད་ཉེར་བཞིའི་ལས་རེས་ལམ་ལུགས་བཀོལ་ལ། དུས་ཆེན་སྐབས་སུ་གནམ་གཤིས་མི་ལེགས་པར་ཁ་གཏད་འཇལ་བ་དང་ཐོལ་བྱུང་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་པའི་གྲ་སྒྲིག་བཟང་བོ་བྱས་ཏེ། མི་སྣ་དང་དངོས་ཟོག འཕྲུལ་ཆས་བཅས་བཀོད་སྒྲིག་བཟང་བོ་བྱས་པར་མ་ཟད། གཞུང་ལམ་གཙོ་བོ་དང་ཟམ་པ། སྦུག་ལམ་གྱི་ལམ་དྲ་འཁོར་སྐྱོད་ལྟ་ཞིབ་ལ་ཤུགས་བསྣན་པ་དང་། དུས་ཐོག་ཏུ་གཞུང་ལམ་གནས་བབ་དང་གནམ་གཤིས་སྔོན་བརྡ་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱས།