མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་ལས་ཁུངས་ཀྱིས་ཆེན་པོ་བཞི་དང་གཏིང་ཟབ་གཅིག་གི་བྱ་འགུལ་སྤེལ།
2020.05.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དང་། དབང་བོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་ཇེ་དྲག་ཏུ་གཏོང་ཆེད། ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མི་སྣའི་གསོ་སྦྱོང་ཆེན་པོ་བཞི་དང་ལས་རྐང་སྦྱོང་བརྡར་ཆེན་པོ། ཁོར་ཡུག་བཅོས་སྐྱོང་ཆེན་པོ། བྱ་བའི་རྟོག་ཞིབ་ཆེན་པོ་སྤེལ་བ་དང་། གཞི་རིམ་དུ་སྐྱོད་པ་དང་སྤྱོད་ཚུལ་བསྒྱུར་བ། བྱ་བ་ལེགས་བསྒྱུར་བྱེད་པའི་བརྗོད་དོན་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། དུས་རབས་གསར་བའི་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་མི་སྣའི་གསོ་སྦྱོང་ཆེན་པོ་དང་ལས་རྐང་སྦྱོང་བརྡར་ཆེན་པོ། ཁོར་ཡུག་བཅོས་སྐྱོང་ཆེན་པོའི་བྱ་འགུལ་ཁྲོད། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བྱ་བའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས། བྱ་བའི་རྟོག་ཞིབ་ཆེན་པོ་གཏིང་ཟབ་ཏུ་སྤེལ་བ་དང་འགྲོ་སྤོར་བསྒྱུར་གསུམ་གྱི་ཆེད་དོན་བྱ་འགུལ་ཁ་སྣོན་བྱས། དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པས་ཏང་གཤིས་ཇེ་དྲག་ཏུ་གཏོང་བ་དང་། ལས་སྒོ་ལ་མཁས་པར་བྱེད་པ། ཐོལ་བྱུང་དོན་རྐྱེན་སྔོན་འགོག་བྱེད་པ་དམིགས་འབེན་དུ་བྱས་ནས། ཆབ་སྲིད་དང་ལས་སྒོ འཕྲལ་བསྟུན་དོ་དམ་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། ཏང་གཤིས་བློ་སྦྱོང་མཐོར་འདེགས་དང་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་གཏོང་བ།  བདེ་འཇགས་འགོག་སྲུང་ནུས་པ་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། འགན་སྒྲུབ་བཟང་བོ་བྱེད་པ་དང་དབང་བོ་སྐྱོན་ཅན་ལས་དོན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། ཉིན་རྒྱུན་གྱི་སྲུང་སྐྱོབ་ཞིབ་བཤེར་ལམ་ལུགས་འཛུགས་པ་དང་། གཙང་སྦྲའི་གོམས་སྲོལ་དང་བཟའ་བཏུང་གོམས་སྲོལ་བཟང་བོ་སྐྱེད་སྲིང་བྱས་ནས། མི་སྡོད་ཁོར་ཡུག་ལེགས་བསྒྱུར་བཟང་བོ་བྱེད་པར་སྐུལ་འདེད་བཏང་། རྒྱུན་དུ་བཅར་ཞིབ་དང་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་། ལག་བསྟར་དམ་འཛིན་བྱེད་པ་དམིགས་འབེན་དུ་བྱས་ཏེ། བཅར་ཞིབ་ལམ་ལུགས་འཛུགས་པ་དང་བརྟག་བཤེར་ཞིབ་འཇུག་སྤེལ་བ། བྱ་བའི་ལག་བསྟར་ལ་དམ་འཛིན་བྱེད་པ། དབང་བོ་སྐྱོན་ཅན་བར་གྱི་འབྲེལ་འདྲིས་དམ་ཟབ་ཏུ་གཏོང་བ། ཁོ་ཚོའི་མདུན་དུ་ལྷགས་པའི་འབུར་ཐོན་གནད་དོན་དང་བྲེལ་མྱུར་དགོས་མཁོ་ལ་རྒྱུས་ལོན་བྱེད་པ། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་བྱ་བའི་བྱེད་ཐབས་འདོན་པ་བཅས་བྱས་ཏེ། ཁོ་ཚོའི་དཀའ་ཁག་དངོས་ཐག་གཅོད་པར་རོགས་རམ་བྱས། བཅོས་བསྒྱུར་དམ་འཛིན་བྱེད་པ་དང་རྣམ་པ་བསྒྱུར་བ། མིག་དཔེ་རུ་བྱེད་པ་དམིགས་འབེན་དུ་བྱས་པ་དང་། དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་བཅོས་བསྒྱུར་བྱ་བ་དང་ཟུང་འབྲེལ་བྱས་ཏེ། སྲིད་འཛིན་ཅན་དང་ལས་ཁུངས་ཅན། རྩེད་འཇོ་ཅན། སྐུ་དྲག་ཅན་གྱི་འགྲོ་ཕྱོགས་ཁྱད་སེལ་བྱས་པ་དང་། བཅོས་བསྒྱུར་ཇུས་གཞི་གཏན་འབེབས་དང་ཞབས་ཞུའི་རྣམ་འགྱུར་བསྒྱུར་བ། སྒྲིག་ལམ་གཏན་ཁེལ་དམ་སྲུང་བྱས་ནས། དབང་བོ་སྐྱོན་ཅན་གྱི་བྱ་བ་སྒྲུབ་མཁན་ཚང་མས་བདེན་འཚོལ་དངོས་གཉེར་དང་ཁག་ཁུར་འབད་འཐབ། བཅོས་བསྒྱུར་གསར་གཏོད། ལས་གཉེར་ལས་བརྩོན་གྱི་སྤྱོད་ཚུལ་བཟང་བོ་སྐྱེད་སྲིང་བྱས།