མཚོ་སྔོན་ཞིང་ཆེན་གྱིས་ལས་ཤོར་ལས་རྨས་འགན་བཅོལ་གྲོན་དངུལ་གྱི་ཚད་མུ་མཐུད་དམའ་རུ་བཏང་ནས་སྔོན་དཔག་བྱས་ན་འགན་བཅོལ་ནང་ཞུགས་མཁན་ལས་ཁུངས་ཀྱི་ཁུར་པོ་སྒོར་དུང་ཕྱུར6.35ཡིས་ཇེ་ཡང་དུ་གཏོང་རྒྱུ་རེད།
2020.05.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་དང་ཁྲལ་དོན་ཅུའུ་དང་མཉམ་དུ《ལས་ཤོར་ལས་རྨས་འགན་བཅོལ་གྲོན་དངུལ་གྱི་ཚད་མུ་མཐུད་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཞེས་པ་བཀྲམ་ནས། དུས་རིམ་རང་བཞིན་གྱི་ལས་ཤོར་དང་ལས་རྨས་འགན་བཅོལ་གྲོན་དངུལ་གྱི་ཚད་མུ་མཐུད་དམའ་རུ་གཏོང་རྒྱུ་རེད།

སྲིད་ཇུས་དེ2021ལོའི་ཟླ4ཚེས30ཉིན་བར་ཕྱིར་འགྱངས་བྱས་པ་དང་། ལས་ཤོར་འགན་བཅོལ་མུ་མཐུད་དུ་ལག་བསྟར་བྱས་པའི་སྤྱིའི་གྲོན་ཚད1%ཡིན་པ་སྔོན་དང་གཅིག་མཚུངས་ཡིན་པ་དང་། ལས་རྨས་འགན་བཅོལ་ཐད་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་གི་ལས་རིགས་ཀྱི་གཅིག་གྱུར་གྱི་གཞི་འཛིན་གྲོན་ཚད་དང་གྲོན་དངུལ་གཅོག་པའི་ཚད་གཞི་མངོན་འགྱུར་བྱུང་ཡོད། ཁེ་ལས་ཀྱིས་གྲོན་དངུལ་བསྡུ་ཚད་ལས་རིགས་ཀྱི་ཚད་གཞི་དང་གྲོན་དངུལ་གྱི་ཚད་0.15%ཇེ་དམའ་རུ་བཏང་བའི་རྨང་གཞིའི་སྟེང50%ཇེ་དམའ་རུ་གཏོང་བ་དང་། ཁེ་ལས་མིན་པའི་ལས་ཁུངས་གྲོན་དངུལ་བསྡུ་ཚད་ལས་རིགས་ཀྱི་ཚད་གཞི་དང་གྲོན་དངུལ་གྱི་ཚད་གཞི་ལྟར50%ཡིས་ཇེ་དམའ་རུ་གཏོང་བ། བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་གྲོན་དངུལ་བསྡུ་ཚད1%ནས0.5%བར་དམའ་རུ་གཏོང་བ། གྲོན་དངུལ་གཅོག་ཤུགས་ཆེས་ཆེ་ཤོས་སུ་སླེབས།

ད་ཐེངས་ཀྱི་གྲོན་དངུལ་བཅག་ནས་ཞིང་ཆེན་ཡོངས་ཀྱི་འགན་བཅོལ་ནང་ཞུགས་མཁན་ལས་ཁུངས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ཁག་གཉིས་ཀྱི་ཁུར་པོ་སྒོར་དུང་ཕྱུར6.35ཇེ་ཡང་དུ་བཏང་བའི་ནང་། ལས་ཤོར་འགན་བཅོལ་གྲོན་དངུལ་སྒོར་དུང་ཕྱུར3.75དང་ལས་རྨས་འགན་བཅོལ་གྲོན་དངུལ་སྒོར་དུང་ཕྱུར2.6ཡོད་པ་དེས། ཁེ་ལས་ཀྱི་དཀའ་ངལ་སེལ་བ་དང་ཁེ་ལས་ཀྱི་ལས་འགོ་བསྐྱར་རྩོམ་དང་ལས་ཞུགས་བརྟན་པོ་ཡོང་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།