མཚོ་ལྷོའི་གཞི་གྲངས་ཆེན་པོའི་ཐོན་ལས་ར་བའི་ཁུལ་གྱིས་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱས།
2020.05.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 49


ཉེ་སྔོན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་རྒྱུན་ལོན་བྱུང་བ་ལྟར་ན། མཚོ་ལྷོ་ཁུལ་གཞི་གྲངས་ཆེན་པོའི་ཐོན་ལས་ར་བའི་ཁུལ་སྐབས་དང་པོ་དང་གཞི་གྲངས་ལྟེ་གནས་མི་འགྱངས་པར་དངོས་སུ་བཀོལ་སྤྱོད་བྱེད་རྒྱུ་ཡིན་པ་དང་། དེ་ནི་མཚོ་ལྷོ་ཁུལ་གྱིས་གཞི་གྲངས་ཆེན་པོས་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་པ་དང་། ནུས་ཁུངས་གསར་བ་དང་གཞི་གྲངས་ཆེན་པོའི་མཉམ་འབྲེལ་འཐབ་ཇུས་ལག་བསྟར་བྱེད་པའི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་ཡིན། དེའི་དམིགས་ཡུལ་ནི་ཕུལ་དུ་བྱུང་བའི་གྲངས་ཀའི་ཁེ་ལས་སྔར་ལས་མང་པོ་བཟོ་ལས་མཉམ་འབྲེལ་དྲ་རྒྱའི་ལག་རྩལ་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཞུགས་པར་ནང་འགུག་བྱེད་པ་དང་། ས་གནས་ཀྱི་ལྗང་མདོག་དཔལ་འབྱོར་འཕར་སྣོན་དང་ཐོན་ལས་རིམ་སྤོར་ལ་སྣེ་ཁྲིད་བྱེད་རྒྱུ་དེ་ཡིན་ལ། དེས་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཆ་འཕྲིན་འཛད་སྤྱོད་ལྟེ་གནས་དང་རྒྱལ་ཡོས་ཀྱི་འཐབ་ཇུས་གནོད་འཚེ་གྲ་སྒྲིག་ལྟེ་གནས་འཛུགས་སྐྲུན་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ཡོངས་འགྲུབ་བྱས་པའི་གཞི་གྲངས་ཆེན་པོའི་ཐོན་ལས་བཟོ་སྐྲུན་སྐབས་དང་པོའི་ཁྲོད་དུ་རིག་སྟོབས་གྲོང་ཁྱེར་རྩོལ་ནུས་ལྟེ་གནས་དང་དཔའ་ཝེ་མཚོ་ལྷོ་ཁུལ་གཞི་གྲངས་ཆེན་པོའི་ལྟེ་གནསདང་ནུས་ཁུངས་ལྟེ་གནས་བཅས་འདུ། གཞི་གྲངས་ཆེན་པོས་ཐོན་ལས་ཀྱིས་སྣེ་ཁྲིད་བྱེད་རྒྱུ་དེ་འཕེལ་རྒྱས་ཀྱི་གཙོ་ཐིག་ཏུ་བྱས་ནས། གཞི་གྲངས་ཆེན་པོ་དང་སྟོད་སྨད་རྒྱུད་ཀྱི་འབྲེལ་ཡོད་ཐོན་ལས་བརྒྱ་ཙམ་ནང་འདྲེན་བྱེད་པ་དང་། ནུས་ཁུངས་གསར་བའི་ཐོན་ལས་གྲངས་ཀ་ཅན་དང་དྲ་རྒྱ་ཅན། རིག་ནུས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། རྒྱུན་མཐུད་ངང་མཚོ་ལྷོ་ཁུལ་གྱི་ནུས་ཁུངས་གསར་བའི་ཐོན་ལས་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ་བཅས་བྱས་ཏེ། ལྗང་མདོག་འཁོར་རྒྱུག་དཔལ་འབྱོར་རྒྱུན་མཐུད་ངང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།

མིག་སྔར། མཚོ་ལྷོ་ཁུལ་གྱི་རིག་སྟོབས་གྲོང་ཁྱེར་རྩོལ་ནུས་ལྟེ་གནས་ཚོད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི་སྒང་ཡིན་ལ། ནུས་ཁུངས་ལྟེ་གནས་དང་གཞི་གྲངས་ཆེན་པོའི་ལྟེ་གནས་གཉིས་དངོས་སུ་ཡོངས་འགྲུབ་བྱུང་ནས། ད་ལོའི་ཟླ་དགུ་བའི་ནང་བཀོལ་སྤྱོད་བྱེད་རྒྱུ་རེད། མཚོ་ལྷོ་ཁུལ་གཞི་གྲངས་ཆེན་པོའི་ཐོན་ལས་ཀྱིས་རྒྱལ་ཡོངས་ཀྱི་དག་གཙང་ནུས་ཁུངས་བེད་སྤྱད་དེ་འཁོར་རྒྱུག་བྱེད་པའི་གཞི་གྲངས་ཆེན་པོའི་ཐོན་ལས་དཔེ་སྟོན་རྟེན་གཞི་ཐོག་མ་འཛུགས་པའི་ཐད་ཤུགས་བཏོན་པ་མ་ཟད། ནུས་ཁུངས་གསར་བའི་བཟོ་ལས་ཀྱི་རྒྱལ་ཁབ་རིམ་པའི་མཉམ་འབྲེལ་དྲ་རྒྱའི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱས་པ་བརྒྱུད་དེ། གཞི་གྲངས་ཆེན་པོ་དང་སྤྲིན་རྩིས། དངོས་ཟོག་མཉམ་འབྲེལ་དྲ་རྒྱ། མིའི་བཟོས་རིག་ནུས་སོགས་གསར་གཏོད་རྒྱུ་རྐྱེན་ཕྱོགས་གཅིག་ཏུ་བསྡུས་པ་དང་། རྒྱལ་ཡོངས་ཀྱི་དགེ་མཚན་བཟང་བོ་ལྡན་པའི་ནུས་ཁུངས་གསར་བའི་བཟོ་ལས་མཉམ་འབྲེལ་དྲ་རྒྱའི་ཐོན་ལས་འདུ་ཚོགས་སྐྱེད་སྲིང་བྱས་ཏེ། མཚོ་ལྷོ་ཁུལ་གྱི་གྲངས་ཀའི་ཉམས་མྱོང་གིས་མཚོ་སྔོན་ཞིང་ཆེན་གྱི་གྲངས་ཀའི་དཔལ་འབྱོར་ཀྲུང་གོའི་ཚོད་ལྟ་ཁུལ་ལ་བྱས་རྗེས་འཇོག་ཐུབ་པར་བྱེད་རྒྱུ་རེད།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།