མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་ཤོར་འགན་བཅོལ་ལ་རྒྱབ་སྐྱོར་བྱེད་པའི་ཁེ་ལས་ཀྱི་ལས་བརྟན་ཕྱིར་སློག་སྲིད་ཇུས་ནུས་ཤུགས་ཡོད་རྒུས་ལག་བསྟར་དོན་འཁྱོལ་བྱས་ཤིང་། མིག་སྔའི་བར་ལས་ཤོར་འགན་བཅོལ་གྱི་ལས་བརྟན་ཕྱིར་སློག་མ་དངུལ་སྒོར་ས་ཡ་དྲུག་དང་འབུམ་གཅིག་ཁྲི་དགུ་སྤྲད་པ་དེ་ཁེ་ལས447གྱི་ལས་བཟོ་པ་ཁྲི་གཅིག་དང་སྟོང་དྲུག་ལ་ཐད་ཀར་འབྲེལ་ཡོད།
ནད་ཡམས་ཀྱི་སྐབས་སུ་ཁེ་ལས་ལ་ཀྱི་ལས་གནས་བརྟན་པོ་ཡོང་རྒྱུར་དུས་ཐོག་ཏུ་རོགས་རམ་བྱ་ཆེད། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་བྱ་ཐབས་སྣ་མང་སྤྱད་དེ་ལས་ཤོར་འགན་བཅོལ་གྱི་ལས་བརྟན་ཕྱིར་སློག་གི་ལས་དོན་ལ་སྐུལ་འདེད་བཏང་བ་དང་། དངུལ་རྩའི་འགན་བཅོལ་བཟོ་སྐྲུན་གྱི་ཆ་འཕྲིན་དྲ་རྒྱ་དང་། མཚོ་སྔོན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གིAPPདང་། དེ་བཞིན་དྲ་ཐོག་སྒྲུབ་གཉེར་མ་ལག་སོགས་ལས་སྟེགས་སྤྱད་དེ། “བདེ་འཇགས་མྱུར་སྒྲུབ”ལས་སྒོའི་གཉེར་སྒྲུབ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས། ལས་བརྟན་ཕྱིར་སློག་གི་ཞབས་ཞུ་དེ“སྟབས་བདེ་དང་གནད་འཁེལ། མགྱོགས་པོ”བཅས་ཡོང་བར་བྱས་ནས། “མིས་སྲིད་ཇུས་འཚོལ་བ”དང་“ཁེ་ལས་ཀྱིས་ཁ་གསབ་འཚོལ་བ”“སྲིད་ཇུས་ཀྱིས་མི་འཚོལ་བ”“ཁ་གསབ་ཀྱིས་ཁེ་ལས་འཚོལ་བ”བཅས་སུ་འགྱུར་བ་བྱས་ནས། ཁེ་ལས་ཀྱི་ཐོན་འབབ་བརྟན་པོ་ཡོང་རྒྱུར་གཞོགས་འདེགས་བྱས་ཡོད།
ཁ་པར་དང་འཕྲིན་ཐུང་། སྐད་འཕྲིན་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས། ཆ་རྐྱེན་འཛོམས་པའི་ཁེ་ལས་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ། ལས་བརྟན་ཕྱིར་སློག་གི་ཁ་གསབ་འགྲོ་ལུགས་གཉེར་ཆེད་ཁ་གསབ་མ་དངུལ་ཐད་ཀར་ཆ་རྐྱེན་འཛོམས་པའི་ཁེ་ལས་ལ་ཕྱིར་སློག་བྱས་ནས། ཁེ་ལས་ཀྱི་ལས་གནས་བརྟན་པོ་ཡོད་ཚེ། འཕྲལ་མར་ཕྱིར་སློག་ཐུབ་པ་བྱས་ཏེ་ཁེ་ལས་ཀྱི་རེ་ཞུའི་ལས་རིམ་མེད་པར་བཟོ་རྒྱུ་དང་། ཆེད་བསྐོས་མི་སྣ་བདམས་ནས་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་སྤྲོད་པ་དང་། ལས་མི་བཀོལ་སྤྱོད་ཀྱིས་ལས་མི་ཉུང་འཕྲི་བྱེད་པའི་གནས་ཚུལ་ལ་དམིགས་ཏེ་མ་ལག་ཞིབ་བསྡུར་དང་ཁེ་ལས་ཀྱི་ཡིད་རྟོན་གནས་ཚུལ་ཞིབ་བསྡུར་བྱས་ནས། ལས་བརྟན་ཕྱིར་སློག་གི་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཀྱི་ཆ་འཕྲིན་དང་རེ་ཞུའི་དངུལ་གྲངས་གནད་ལ་འཁེལ་བ་དང་འཕྱུགས་པ་མེད་པར་འགན་ལེན་བྱས་ནས། གཞི་གྲངས་ཀྱི་ བསྡུར་ཚད་མཐོ་རུ་བཏང་བ་དང་། ལས་ཤོར་འགན་བཅོལ་དངུལ་དྲ་ཐོག་ནས་ལེན་རྒྱུར་རེ་ཞུ་བྱེད་པའི་བསྡུར་ཚད་མཐོ་རུ་གཏོང་བ། ཆ་རྐྱེན་འཛོམས་པའི་ལས་ཤོར་མི་སྣར་ལས་ཤོར་འགན་བཅོལ་ཐོབ་ཐང་དང་རྩལ་ནུས་ཆེ་རུ་གཏོང་བའི་ཁ་གསབ་དུས་ཐོག་ཏུ་སྤྲད་དེ། གཏོང་སྤྲོད་བྱེད་དགོས་རིགས་ཚང་མ་གཏོང་སྤྲོད་ཐུབ་པར་འགན་ལེན་བྱེད་པ་དང་། ལས་ཤོར་དངུལ་རེ་ཞུ་བྱེད་པའི་ཐབས་ལམ་སྟབས་བདེ་རུ་བཏང་།
བན་དེ་སྐྱབས་ཀྱིས་བསྒྱུར།