ཏུའུ་ལན་རྫོང་གིས་བོད་ཀྱི་དམངས་གླུ་གསོ་སྦྱོང་འཛིན་གྲྭ་བསྡུས།
2020.05.29 ཁུངས། ཏུའུ་ལན་རྫོང་རིག་གནས་ཡུལ་སྐོར་རྒྱང་བསྒྲགས་ཅུས། ཀློག་གྲངས། 59

 ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་།  ཨ་མདོའི་བོད་ཀྱི་དམངས་གླུ་རིག་གནས་ཤུགས་ཆེན་པོས་སྔོག་འདོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཏུའུ་ལན་རྫོང་གི་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་དང་། རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད། ཟླ་ལྔ་་པའི་ཚེས་ཉེར་དྲུག་ཉིན། ཏུའུ་ལན་རྫོང་གིས་བོད་ཀྱི་དམངས་གླུ་གསོ་སྦྱོང་འཛིན་གྲྭ་བསྡུས། གསོ་སྦྱོང་གི་དུས་ཡུན་ཉིན་བཞི་ཡིན་པ་དང་། ཞིང་ཆེན་ཕྱི་ནང་གི་བོད་ཀྱི་དམངས་གླུ་ཕྱོགས་ཀྱི་ཆེད་མཁས་པ་ཡུལ་དངོས་སུ་ཕེབས་ནས་སློབ་ཁྲིད་གནང་རྒྱུ་རེད། ཏུའུ་ལན་རྫོང་གི་གཞི་རིམ་གྱི་དམངས་གླུ་རྒྱུན་འཛིན་པ་དང་དམངས་གླུར་དགའ་མཁན་ཉི་ཤུ་གསོ་སྦྱོང་ལ་ཞུགས། ཏུའུ་ལན་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་བསྒྲགས་བརྙན་འཕྲིན་ཅུའུ་ཡི་འབྲེལ་ཡོད་འགོ་ཁྲིད་དང་སློབ་ཁྲིད་དགེ་རྒན་གདན་ཞུས་ལྟར་འཛིན་གྲྭའི་མཛད་སྒོར་ཞུགས་ནས་གཏམ་བཤད་གནང་། 

བོད་ཀྱི་དམངས་གླུ་ནི་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཚབ་བྱེད་ཅིག་ཡིན་ལ། བོད་མི་རིགས་ཀྱི་རིག་གནས་དང་བློ་གྲོས་མངོན་པར་མཚོན་ཡོད། ཉིས་སྟོང་བརྒྱད་ལོར་སྐོར་གཉིས་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་ནང་བཞག་པ་རེད།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭས་ཏུའུ་ལན་རྫོང་གི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བ་མུ་མཐུད་དུ་ཕན་འབྲས་ལྡན་པའི་ངང་སྤེལ་བར་སྐུལ་འདེད་གཏོང་བ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་འཇོན་མི་གསོ་སྐྱོང་དང་སྔོན་འདོན་བྱེད་པ། རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱི་མི་རིགས་རིག་གནས་ཐད་ཀྱི་བསམ་པའི་དགོས་མཁོ་སྐོང་རྒྱུ་བཅས་དམིགས་སུ་བཟུང་ཡོད་ལ། དཔུང་ཁག་གསོ་སྐྱོང་དང་།  རྩལ་ནུས་མཐོར་འདེགས།  ཉམས་མྱོང་བརྗེ་རེས། སྟེགས་བུ་བསྐྲུན་པ་བཅས་གཙོར་བཟུང་ནས་སློབ་སྦྱོང་གི་འབྲས་བུ་དེ་འཁྲབ་སྟོན་གྱི་ལག་ལེན་དུ་བསྒྱུར་རྒྱུ་ཡིན་ལ། དེ་ནི་རིག་གནས་ཁང་གི་དུས་རབས་གསར་བའི་བླང་བྱ་གསར་བ་དང་། དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཤུགས་ཆེར་དར་སྤེལ་གཏོང་བ། གྲངས་ཉུང་མི་རིགས་ཡོངས་ཀྱི་རིག་གནས་ཡིད་རྟོན་དང་རིག་གནས་གསོ་སྐྱོང་བྱེད་རྒྱུར་ཧུར་ཐག་གིས་ཡར་སྐུལ་བྱེད་པའི་དུས་རབས་ཀྱི་རྣམ་པ་མཐོར་འདེགས་གཏོང་བ་དང་། རྫོངས་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ལ་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཞིག་རེད།  ག