མཚོ་སྔོན་ཞིང་ཆེན་གྱིས་བདེ་འཇགས་ཐོན་སྐྱེད་ཟླའི་བྱ་འགུལ་གཙོ་བོར་བཀོད་སྒྲིག་བྱས།
2020.05.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཉེ་སྔོན། མཚོ་སྔོན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས2020ལོའི་མཚོ་སྔོན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཟླ་དང་བདེ་འཇགས་ཐོན་སྐྱེད་ལེ་དབར་ཁྲི་རུ་བསྐྱོད་པའི་བྱ་འགུལ་ཇུས་གཞི་འགྲེམ་སྤེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཟླའི་བྱ་འགུལ་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས།

ད་ལོའི་ཟླ་དྲུག་པ་ནི་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཟླ་སྐབས་བཅུ་དགུ་པ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་རིགས་སོ་སོས་མཉམ་དུ་དོན་རྐྱེན་ཉེན་ཁ་མེད་པར་བཟོ་བ་དང་བདེ་འཇགས་འགོག་མཚམས་འཛུགས་པ་བརྗོད་སྙིང་དུ་བྱས་པའི་བདེ་འཇགས་ཐོན་སྐྱེད་ཟླའི་བྱ་འགུལ་སྤེལ་རྒྱུ་རེད། ད་ལོའི་བྱ་འགུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་ལྡན་ཅན་དུ་བསྒྱུར་བར་ཤུགས་སྣོན་པའི་ཆ་རྐྱེན་འོག རིམ་པ་སོ་སོས་བདེ་འཇགས་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་གཏོང་བ་དང་། གཙོ་བོར་མཉམ་འབྲེལ་དྲ་རྒྱ་དང་སྨྱན་བྱད་གསར་བའི་སྟེགས་བུ་ལ་རྒྱབ་རྟེན་ནས། ཁྱད་ཆོས་དང་ཕན་འབྲས་ལྡན་པའི་དྲིལ་སྒྲོག་སློབ་གསོ་བྱ་འགུལ་སྤེལ་རྒྱུ་རེད།

ད་ལོའི་ཟླ་ལྔ་བའི་ཟླ་མཇུག་ཏུ། མཚོ་སྔོན་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས2020ལོའི་བདེ་འཇགས་ཐོན་སྐྱེད་ཟླའི་བྱ་འགུལ་འགོ་རྩོམ་པའི་མཛད་སྒོ་བསྡུས་ནས། 2020ལོའི་བདེ་འཇགས་ཐོན་སྐྱེད་ཟླའི་འགོ་བརྩམས། བྱ་འགུལ་གྱིས་བདེ་འཇགས་ཐོན་སྐྱེད་ཟླའི་ཆེད་དོན་བཅོས་སྐྱོང་ལོ་གསུམ་འགུལ་སྐྱོད་འཆར་གཞི་ལ་དམིགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཚང་མའི་གླེང་བའི་སྤྲིན་སློབ་ཁྲིད་དང་དྲ་ཐོག་བདེ་འཇགས་བློ་འདྲི་ཉིན་མོའི་བྱ་འགུལ། བདེ་འཇགས་དྲིལ་སྒྲོག་དྲུག་བསྐྱོད། བདེ་འཇགས་ཐོན་སྐྱེད་ཟླའི་བཅའ་ཁྲིམས་ཁྱབ་གདལ་སོགས་བྱ་འགུལ་སྤེལ་བ་བརྒྱུད་དེ། ཁྱོན་ཡོངས་དང་ཟུར་ངོས་མང་པོ་ནས་བདེ་འཇགས་ཐོན་སྐྱེད་ཚན་རྩལ་ཁྱབ་གདལ་ཤེས་བྱ་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་དང་ཁྱབ་གདལ་དུ་གཏོང་བ་དང་། བྱ་འགུལ་གྱི་སྣང་ཚུལ་སྟུག་པོ་གྲུབ་པར་བྱེད་པ། བདེ་འཇགས་དྲིལ་སྒྲོག་ཁེབས་ཚད་རྒྱ་སྐྱེད་དེ། བདེ་འཇགས་སློབ་གསོའི་ཕན་འབྲས་ཇེ་དྲག་ཏུ་གཏོང་རྒྱུ་རེད།